ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མིག་ཤེད་གསོ་སྟངས་འདི་ངོ་མ་ཡག་པོ་འདུག ཚོད་ལྟ་ཞིག་གནང་དང་།

2021-03-22 15:56:00     责编:卓玛才让

    རྟག་ཏུ་གློག་ཀླད་སྤྱོད་པ་དང་། ཁ་པར་མང་པོ་ལྟ་བ། བརྙན་འཕྲིན་ཐག་ཉེ་པོ་ནས་ལྟ་བ་སོགས་ལས། ང་ཚོའི་མིག་ཤེད་སྐྱོ་རུ་འགྲོ་ཡི་ཡོད། མིག་ཤེད་ཉམས་མཁན་ལ་ཆ་མཚོན་ན། ཅ་དངོས་རབ་རིབ་ལས་མ་མཐོང་བས་སེམས་སྦུག་དོག་ཏུ་འགྲོ་བ་དང་། རྟག་ཏུ་མིག་ཤེལ་བརྒྱབ་པས་ན་ལས་ཀ་དང་ལུས་སྦྱོང་སོགས་བྱེད་དུས་སྟབས་བདེ་པོ་མེད་པ་སྨོས་མེད་རེད། དེས་ན། ང་ཚོས་རྣམ་ཀུན་ནས་མིག་ཟུང་ལ་གཅེས་སྤྲས་དང་མིག་ཤེད་མ་ཉམས་སྔོན་འགོག་སོགས་འབྲེལ་ཡོད་ཤེས་བྱར་དོ་སྣང་ཅིས་ནས་ཀྱང་བྱེད་དགོས།

    གཤམ་གྱི་མིག་ཤེད་གསོ་སྟངས་ཀྱིས་མིག་ན་བ་དང་རྒྱང་སྒྲིབ་ཕོག་པ་སོགས་སྔོན་འགོག་བྱེད་ཐུབ་ལ། མིག་ཤེལ་ཏུའུ་500མན་རྒྱག་མཁན་ཚོའི་མིག་ཤེད་གསོ་བར་ཕན་པ་ངེས་ཅན་ལྡན་པས། ལས་ཀའི་ཞོར་རམ་ཡང་ན་དགོང་མོ་མ་ཉལ་གོང་ལ་ཐེངས་འགའ་རྩེ་ན་ཧ་ཅང་ཡག་པོ་ཡོད།འ

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

མིག་ཤེད་གསོ་སྟངས་འདི་ངོ་མ་ཡག་པོ་འདུག ཚོད་ལྟ་ཞིག་གནང་དང་།