ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ཐུབ་པ་ཁྱེད་ཀྱིས་ཤེས་སམ།

2021-02-09 14:54:00     责编:卓玛才让

    སྔོ་ཇ་ནི་ཇ་ལོ་སོས་པ་སྲོ་སྐམ་གཏོང་བ་སོགས་ཀྱི་ལས་རིམ་བརྒྱུད་དགོས་པ་དང་མ་བསྙལ་བར་བཟོས་པ་ཞིག་ཡིན་ཞིང་། དེ་ཇ་པ་ཏི་དང་བསྡུར་ན་ལས་རིམ་ཉུང་བ་ཡོད་པས་འཚོ་བཅུད་ཤོར་ཉུང་བ་དང་ལྷག་པར་དུ་ཇའི་ཏོ་ཧྥུན་འདུས་ཚད་དེ་ཇ་པ་ཏི་ལས་མང་བ་ཡོད། དེས་ན་ཇ་ལོར་ལྡན་པའི་ཁྲག་ཤེད་གཅོག་པའི་གྲུབ་ཆ་ནི་ཇའི་ཏོ་ཧྥུན་དང་ཇའི་ཨེམ་སྐྱུར་ཡིན་པས། ཁྲག་ཤེད་གཅོག་པའི་ཕན་ནུས་ཇ་པ་ཏི་ལས་ཆེ་བ་ཡོད། 

    ཡིན་ནའང་སྔོ་ཇ་མང་པོ་སྡེབ་གཅིག་ལ་སྦངས་ནས་བཏུངས་ན་ཇ་དེ་བསིལ་བའི་རང་བཞིན་ཡིན་པས་ཕོ་བར་གནོད་ཀྱི་ཡོད། དེར་བརྟེན་ཐེངས་གཅིག་ལ་མང་པོ་སྦང་རྒྱུ་མེད།

    ཇ་པ་ཏིའི་བཟོ་རིམ་སྔོ་ཇ་ལས་རྙོག་འཛིང་ཆེ་བ་ཡོད་ཅིང་། བསྙལ་བའི་རིགས་ཀྱི་ཇའི་ཁོངས་སུ་གཏོགས་པ་དང་མདོག་དམར་ཙམ་ཡོད། 

    བསྙལ་ཟིན་པའི་ཇ་པ་ཏི་མང་པོ་བཏུངས་ཀྱང་ཕོ་བར་གནོད་ཀྱི་མེད་ལ། དེ་ཁ་ལ་འཇམ་པ་དང་བྲོ་བ་ཞིམ་པོ་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ཐུབ་པ་ཁྱེད་ཀྱིས་ཤེས་སམ།