ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ད་ལྟའི་དུས་ལ་ཆམ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས།

2021-02-09 14:53:00     责编:卓玛才让

ད་ལྟའི་དུས་ནི་ཆམ་པ་ཕོག་སླ་བའི་དུས་ཚིགས་ཤིག་ཡིན་པས། ང་ཚོས་ནམ་དུས་འདིར་ཆམ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་ཤེ་ན།

    གཅིག ཆུ་ཚ་པོར་རྐང་པ་སྦོང་དགོས་ཤིང་། རྐང་པ་དམར་པོ་ཆག་ཆག་སྦང་ཚེ་སྔོན་འགོག་དེ་བས་ཡག་པ་ཡོང་སྲིད།

    གཉིས། ཆུ་མང་པོ་འཐུང་དགོས། དཔྱིད་དུས་སྐམ་ཤས་ཆེ་བས་ཆུ་མང་ཙམ་འཐུང་དགོས་ཤིང་། གཅིན་པ་མང་ཙམ་བཏང་ན་གཟུགས་པོའི་དུག་རྒྱུ་ཕྱིར་འདོན་པར་ཕན་པ་ཆེན་པོ་ཡོད།

    གསུམ། ཆུ་གྲང་མོས་གདོང་པ་བཀྲུ་བ། ཆུ་གྲང་མོས་གདོང་པ་བཀྲུས་ན་པགས་པའི་ཁྲག་རྩར་ཟུག་གཟེར་སློང་ཐུབ་པས། ནད་འགོག་ནུས་པ་སྔར་བས་ཡག་ཏུ་འགྲོ་བར་ཕན་པ་ཆེན་པོ་ཡོད་ཅིང་། དེ་ལུགས་ཀྱིས་ཆམ་ནད་སྔོན་འགོག་དེ་བས་ཡག་པ་ཡོང་ཐུབ།

    བཞི། ལག་པ་འཕུར་བ། རྒྱུན་དུ་ལག་པ་འཕུར་འཕུར་བཏང་ན་ཁྲག་གི་འཁོར་རྒྱུག་ལ་ཕན་པ་ཡོད་ལ། དབུགས་ལམ་གྱི་ནད་འགོག་ནུས་པ་ཆེ་རུ་འགྲོ་བར་ཕན་པ་ཆེན་པོ་ཡོད།

    ལྔ། ཚྭ་ཆུས་ཁ་བཤལ་བ། ཚྭ་ཆུ་ནི་རང་བྱུང་གི་དུག་སེལ་ཡོ་བྱད་ཅིག་ཡིན་ཞིང་། གལ་སྲིད་ཁྱེད་ལ་ཆམ་པ་རྒྱག་གྲབས་ཡོད་དུས། ཚྭ་ཆུས་ཁ་བཤལ་བཤལ་ཐེངས་འགའ་བཏང་ན། ཆམ་ནད་སྔོན་འགོག་ཡག་པོ་བྱེད་ཐུབ།

    དྲུག ལུས་སྦྱོང་འོས་འཚམ་བྱེད་དགོས་པ། ལུས་སྦྱོང་འོས་འཚམ་བྱས་ཚེ་མིའི་ལུས་པོའི་རྙིང་ཚབ་གསར་བྱེད་ཡག་པོ་ཡོང་བ་དང་། ཆམ་ནད་སྔོན་འགོག་བྱེད་ཐུབ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ད་ལྟའི་དུས་ལ་ཆམ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས།