ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ལུས་པོར་ཅ་ག་བྱེད་སྟངས་ཁྱེད་ཀྱིས་ཤེས་ཀྱི་ཡོད་ཤག་རེད།

2020-08-11 16:14:00     责编:卓玛才让

  ལུས་ཟུངས་གསོ་བར་དུས་ཚོད་ལ་དམ་འཛིན་བྱེད་དགོས། གལ་ཏེ་དུས་ཚོད་དང་འཚམ་པའི་ལུས་ཟུངས་གསོ་ཐུབ་ན། ད་གཟོད། ཕན་འབྲས་ལྡབ་བརྒྱ་ཐོན་ངེས། ད་འོ་ན། ཉིན་ཐུན་གསུམ་གྱི་དུས་རིམ་མི་འདྲ་བར་བྱ་བ་ཅི་ཞིག་བྱས་ན་ང་ཚོའི་གཟུགས་པོར་འཚམ་མམ། 

    ཞོགས་པ་མལ་ལས་ལངས་རྗེས། ཆུ་ཕོར་པ་གང་ཁོག་པ་སྟོང་པར་འཐུང་དགོས་པ་སྟེ། སོ་བཀྲུས་ནས་ཞོགས་ཟས་མ་མཆོད་གོང་རེད། གང་ལགས་ཤེ་ན། ཕོ་བས་མཚན་གང་པོར་ཟས་རྣམས་རིམ་གྱིས་འཇུ་བར་བརྟེན། ཕོ་ངོས་སུ་ཟས་ཀྱི་རོ་ཏོ་ལུས་པས་ན། གལ་ཏེ་སྐབས་འདིར་ཆུ་དྲོན་མོ་ཞིག་བཏུངས་ཚེ་འདི་དག་གཙང་མར་འདག་སྲིད་ལ། ཕོ་རྒྱུ་འགུལ་བར་སྐུལ་ངེས། 

ཞོགས་ཟས། སྔ་དྲོའི་ཆུ་ཚོད་7པ་ན་9པའི་བར་བཟས་ན་འཚམ།

    ཞོགས་ཟས་སྤྱིར་ན་སྔ་དྲགས་མི་རུང་། རྒྱུ་མཚན་ནི་ཕོ་རྒྱུར་འཇུ་བྱེད་གཤེར་ཁུ་ཅུང་ཉུང་བས་ཟས་རྣམས་འཇུ་དཀའ། འོན་ཏེ་ཞོགས་པའི་ཆུ་ཚོད་7པ་ནས་9པའི་བར་ཕོ་རྒྱུ་འགུལ་ཤུགས་ཆེ་བས། ལྟོ་ཆས་ཅི་བཟས་སྤྱིར་ན་བཅུད་དུ་འགྱུར་སྟབས། འཚོ་བཅུད་གསབ་ཐུབ་པས། ཞོགས་ཟས་ཟ་བའི་དུས་ཚོད་ཡག་ཤོས་རེད། 

 ཉི་མ་སྲོ་བ། ཞོགས་པའི་ཆུ་ཚོད་10པའམ་ཡང་ན་ཕྱི་དྲོའི་ཆུ་ཚོད་4པར་འཚམ།

    ཞོགས་ཟས་རྗེས་ཉི་མ་འཁྱུག་ཙམ་སྲོ་དགོས་པ་དང་། ཉི་མ་སྲོ་སྐབས་མགོ་བོར་བསྲོས་ན་ཡག་ཤོས་རེད། ལྷག་པར་དུ་དུས་ཚོད་འདིར་རྒན་འཁོགས་རྣམས་ཕྱིར་འཆམ་འཆམ་དུ་སོང་ནས་སྤྱི་གཙུག་ལ་ཉི་མ་ཕོག་པར་བྱས་ན། དབང་རྩ་གཤོང་བར་ཕན་པ་མ་ཟད། ལུས་དྲོད་ཀྱང་གསབ་པར་ཕན་ཐོགས་ཆེན་པོ་འདུག 

དགུང་ཟས་ཕོ་རྒྱུས་འཇུ་བར་ཆུ་ཚོད་1ནས་2བར་འགོར་གྱི་ཡོད་མོད། གལ་ཏེ་ལྟོ་ཆས་བཟས་མ་ཐག དེ་མུར་ཤིང་ཏོག་ཟ་མི་རུང་། ཡག་ཤོས་བྱུང་ན་ཆུ་ཚོད་གཅིག་གི་རྗེས་སུ་བཟས་ན་འཚམ་ཤོས་རེད།  

ཉིན་དགུང་གྱི་ཆུ་ཚོད་1པོར།

    

    ཞོགས་པ་ལས་ལ་བྲེལ་བའི་སྐུ་ཉིད་ད་ལྟ་ངལ་སྡུབ་གྱིས་མནར་བས། དགུང་ཟས་རྗེས་གཉིད་ཕྲན་ཙམ་ཉལ་ན། ལུས་སྟོབས་མགྱོགས་པོ་སླར་གསོ་ཐུབ་མོད། ཡིན་ནའང་། ཟ་མ་བཟས་རྗེས་སྐར་མ་30ངལ་གསོས་ནས་ཉལ་ན་ལེགས། དེའི་རིང་འཆམ་འཆམ་སོགས་འགུལ་སྐྱོད་ཆེ་མི་དྲགས་པའི་ལུས་སྦྱོང་བྱས་ན་ཟས་རྣམས་འཇུ་བར་ཕན་ཐོགས་ཆེན་པོ་ཡོད་པ་སྨོས་མེད་རེད།  

ཕྱི་དྲོའི་ཆུ་ཚོད་3པ་ནས་5པ་བར།

    དེའི་རིང་མིའི་ལུས་པོར་ཆུ་གསབ་པའི་སྐབས་ཡག་ཤོས་རེད་འདུག གལ་ཏེ་དུས་ཚོད་འདིར་ཆུ་མང་པོ་བཏུངས་ཐུབ་ན་ལྒང་རྩ་འཁོར་རྒྱུག་ལ་རམ་འདེགས་བྱེད་ཐུབ་ཀྱི་ཡོད་པའི་ཁར། ལྷག་པར་དུ་ཇ་བཏུངས་ན་གཟུགས་པོར་ཆུ་གསབ་ཐུབ་ལ། རྒྱུ་ལམ་འཇམ་པོར་གཏོང་བ་དང་བཙོག་པ་འབུད་པར་ནུས་པ་ཐོན་གྱི་ཡོད།    

སྦྱོང་བརྡར། ཕྱི་དྲོའི་ཆུ་ཚོད་4པ་ནས་6པའི་བར་འཚམ།

    ཕྱི་དྲོ་སྦྱོང་བརྡར་བྱས་ན་གཟུགས་པོར་ཕན་པ་གདོན་མི་ཟ། འོན་ཀྱང་། དུས་མཚམས་འདིར་སྦྱོང་བརྡར་བྱས་ན་དུས་གང་ལས་4%ཡིས་ནུས་པ་ཐོན་པའི་ཁར་། ཤེད་ཤུགས་ཀྱང་དེ་བས་ཆེ་བ་ཡོད། དེས་མ་ཚད། ཉིན་གཅིག་རིང་གི་ལུས་དྲོད་ཆེ་ཤོས་ཀྱི་སྐབས་འདིར་རྩ་གཤོང་ཐུབ་ན། རྨས་སྐྱོན་ཕོག་ཚད་ཀྱང་ཆེས་ཆེར་དམའ་བ་ཡོད། 

རྐང་པ་སྦང་བ། དགོང་མོའི་ཆུ་ཚོད་9པར་འཚམ།

    དགོང་མོའི་ཆུ་ཚོད་9པར་རྐང་པ་སྦངས་ཐུབ་ན་ལུས་དྲོད་འཕར་ཤུགས་ཆེ་བ་དང་ཆབས་ཅིག ཁྲག་རྩ་འཕེལ་ནས་ལུས་པོའི་ཁྲག་འཁོར་རྒྱུག་ལ་སྐུལ་ཏེ། མཁལ་མ་གསོ་བར་ཕན་པ་ངེས་ཅན་ཐོན་གྱི་ཡོད།  དེ་དང་དུས་མཚུངས། ཉིན་གཅིག་གི་ངལ་དུབ་ཀྱང་སེལ་ཐུབ། 

འོ་མ་འཐུང་བ། མ་ཉལ་གོང་གི་ཆུ་ཚོད་ཕྱེད་ཀའི་གོང་ལ་འཚམ།

   འོ་མར་འཚོ་བཅུད་ཀལ་མང་པོ་འདུས་པས། མ་ཉལ་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ལ་འོ་མ་ཕོར་པ་གང་བཏུངས་ན། རིམ་བཞིན་འཚོ་བཅུད་ཀལ་གཟུགས་པོར་སིམ་པ་དང་ཆབས་ཅིག མཚན་མོ་ཁྲག་ཀལ་སྐྱོ་རུ་འགྲོ་བར་ཁ་གསབ་བྱས་ཏེ། ཀེང་རུས་སྲུང་བ་དང་རུས་བཅུད་ཤོར་བར་འགོག་ཐུབ་ཀྱི་འདུག

ངོ་གདོང་གསོ་བ། དགོང་མོའི་ཆུ་ཚོད་11རྗེས་ལ་འཚམ།

    མཚན་མོར་ངོ་གདོང་གི་པགས་པ་གསར་སྒྱུར་དང་བསྐྱར་གསོ་བྱེད་ཀྱི་ཡོད་པས། ངོ་གདོང་གསོ་བར་ཧ་ཅང་འཚམ་པོ་ཡོད། 

    དགོང་མོའི་ཆུ་ཚོད་11གི་རྗེས་སུ། ཕྲ་ཕུང་འཚར་སྐྱེས་དང་ཉམས་གསོ་བྱེད་མང་ཤོས་ཀྱི་དུས་ཡིན་པས། བ་སྤུའི་བུ་ག་ཁ་ཕྱེ་བའི་མྱུར་ཚད་དུས་རྒྱུན་ལས་ལྡབ་8ཡས་མས་ཀྱིས་མགྱོགས་པ་དང་། ངོ་གདོང་གསོ་ཡག་ཤོས་གི་དུས་རེད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ལུས་པོར་ཅ་ག་བྱེད་སྟངས་ཁྱེད་ཀྱིས་ཤེས་ཀྱི་ཡོད་ཤག་རེད།