ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གློག་མ་གཟིམ་པར་གཉིད་ན་ལུས་པོར་ཚོ་འབུད་སླ།

2020-07-14 08:49:00     责编:卓玛才让

གློག་མ་གཟིམ་པར་གཉིད་ན་ལུས་པོར་ཚོ་འབུད་སླ་བ་རེད།

    ཨ་མེ་རི་ཁའི་གསོ་རིག་མཐུན་ཚོགས་ཁོང་ནད་གསོ་རིག་དུས་དེབ་སྟེང་སྤེལ་བའི་ཆེས་གསར་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན།གློག་མི་གཟིམ་པའམ་ཡང་ན་བརྙན་འཕྲིན་གྱི་ཁ་མ་བརྒྱབ་པར་གཉིད་པའི་གོམས་སྲོལ་ཆགས་ཡོད་པའི་བུད་མེད་ཀྱི་ལུས་པོར་ཚོ་འབུད་པའི་ཚད17%ཡིས་མཐོ་བ་རེད། གློག་མ་གཟིམ་པར་གཉིད་ལོག་པའི་གོམས་སྲོལ་གྱིས་ལུས་པོར་ཐེབས་པའི་གནོད་པ་ནི་ཚོ་འབུད་པ་ཁོ་ན་ཙམ་མ་ཡིན་ནོ། །

   གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བ། དགོང་མོ་གློག་མ་གཟིམ་པར་གཉིད་ན་ལུས་སྟེང་གི་ཟགས་ཐོན་འཁྲུགས་ཏེ།མི་ལ་ཟང་ཟིང་ལང་ལོང་དང་སེམས་ཁམས་མི་བདེ་བའི་སྣང་བ་འབྱུང་སླ་ཞིང་།ངལ་ཞིང་དུབ་པའི་ཚོར་སྣང་བྱུང་སྟེ།གཉིད་སྐྱིད་པོ་ཞིག་རོལ་དཀའ་བ་དང་གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་སོང་ནས།དབང་རྩ་ཉམས་པ་དང་གཉིད་ཡལ་བའི་གནས་ཚུལ་འབྱུང་བ་རེད།འོད་ལམ་ལམ་དུ་འཚེར་བའི་བརྙན་འཕྲིན་དང་གློག་ཀླད་ཀྱི་བརྙན་ཡོལ་གྱིས་ཀླད་པར་ངར་ལངས་སུ་བཅུག་སྟེ།གཉིད་སྐྱིད་པོ་རོལ་བར་གནོད་འཚེ་ཐེབས་སྲིད།

   མིག་ཤུགས་ལ་གནོད་པ། དགོང་མོ་གློག་མ་གཟིམ་པར་གཉིད་ན་མིག་གི་རྒྱལ་མོ་ལྷོད་གཡེང་དང་ངལ་གསོ་ལེགས་པོ་བྱེད་མི་ཐུབ་པར།འོད་སྣང་གིས་མིག་ལ་ཕོག་ཐུག་བར་མེད་དུ་གཏོང་ངེས་པས།མིག་མཐའི་ཤ་གནད་དང་དབང་རྩ་དུས་ཡུན་རིང་པོར་དམ་པོར་གནས་ཡོད་པའི་དབང་གིས།རྒྱང་སྒྲིབ་ནད་ཕོག་པ་དང་མཐོང་བྱེད་དྲ་སྐྱི་ལ་གནོད་འཚེ་ཐེབས་པ་དང་།ཐ་ན་མིག་ནད་ལིང་ཏོག་འབྱུང་བའི་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བཞིན་ཡོད།

   འབྲས་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ། ནག་འདོར་རྒྱུ(褪黑素)ཡིས་མི་ལུས་ལ་ཕན་ནུས་བླ་ན་མེད་པ་འདོན་གྱིན་ཡོད་དེ།ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྙིང་གི་ལྡིང་ཚད་མགྱོགས་པ་འགོག་པར་མ་ཟད།ང་ཚོའི་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་།འབྲས་ནད་ཕྲ་ཕུང་འཇོམས་པའི་ནུས་པའང་ལྡན།གལ་ཏེ་ནག་འདོར་རྒྱུ་ཟགས་ཐོན་བྱེད་པར་ཚད་བཀག་ཐེབས་ན།ལུས་སྟེང་གི་འབྲས་ནད་ཕྲ་ཕུང་དང་སྐྲན་ནད་ཕྲ་ཕུང་གས་འགྱུར་འཚར་སྐྱེ་འབྱུང་སྲིད་པས།འབྲས་ནད་འབྱུང་བའི་ཚད་ཇེ་མཐོར་འགྲོ་བ་རེད། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

中央广播电视总台 央广网 版权所有

གློག་མ་གཟིམ་པར་གཉིད་ན་ལུས་པོར་ཚོ་འབུད་སླ།

གློག་མ་གཟིམ་པར་གཉིད་ན་ལུས་པོར་ཚོ་འབུད་སླ་བ་རེད།