ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གློ་ཚད་གསར་པ་ཇི་ལྟར་འགོག་བཅོས་ཐད་ཀྱི་བསམ་འཆར་གསར་ཤོས།

2020-01-27 16:03:00     责编:娜科

 

    རིམས་ནད་ཀྱི་ད་ལྟའི་གནས་ཚུལ་ཇི་འདྲ་རེད། སྨན་བཅོས་ཇུས་གཞི་ཡོད་དམ། དཔྱིད་གསར་དུས་ཆེན་འདིར་ཇི་ལྟར་རོལ། ཀྲུང་གོའི་རིམས་འགོག་གསོ་རིག་མཁས་དབང་ཀྲུང་ནན་ཧྲན་གྱིས་ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོར་རང་ཉིད་ཀྱི་དགོངས་འཆར་གསུངས་གནང་འདུག

 

སྔ་ཙམ་ཤེས་རྟོགས་ཐུབ་ན་སྔ་ཙམ་ལོགས་སུ་འབྱེད་པ་ནི་ཆེས་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཡིན།

    

   མིག་སྔར་རིམས་ནད་མུ་མཐུད་ཁྱབ་འགྲོ་མིན་དང་ནད་དཔེ་ཇེ་མང་དུ་ཕྱིན་མིན་དེ་སྤྱི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

    ཀྲུང་ནན་ཧྲན་གྱིས་མིག་སྔའི་བར་རིམས་ནད་ཤུགས་ཆེན་པོས་ཁྱབ་འགྲོ་བའི་སྣང་ཚུལ་ཐོན་མེད་མོད། འོན་ཀྱང་སྔར་བཞིན་ཧ་ཅང་གཟབ་གཟབ་བྱེད་དགོས། གང་ལགས་ཤེ་ན། རིམ་འདས་ཀྱི་ཁྱབ་ཁུངས་ཤིག་མི་ཡོང་བའི་འགན་ལེན་སུས་ཀྱང་བྱེད་མི་ཐུབ་པས་རེད་ཅེས་གསུངས་ཡོད།

    ཁོང་གིས་མིག་སྔར་ཆེས་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནི་སྔ་ཙམ་ཤེས་རྟོགས་བྱུང་ན་སྔ་ཙམ་ལོགས་སུ་འཇོག་རྒྱུ་དེ་རེད། གལ་སྲིད་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་དུས་ཐོག་ཏུ་ལོགས་སུ་བཀར་ཐུབ་ན་དུས་མཇུག་ཏུ་ནད་པ་མང་པོ་ཐོན་མི་སྲིད་ཅེས་ནན་གསུངས་ཐེངས་མང་གནང་བས། ཁྱབ་ཚད་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་ཐུབ་ན་ནད་དུག་འགོས་པའི་ནད་པ་ཡང་ཇེ་ཉུང་དུ་འགྲོ་སྲིད་པ་དང་། དེ་བཞིན་རིམ་འདས་ཀྱི་ཁྱབ་ཁུངས་ཤིག་ཐོན་པའི་ཉེན་ཁ་ཆུང་དུ་འགྲོ་གི་རེད།

 

སྨན་བཅོས་ཀྱི་སྐོར། སྨན་རིགས་ཁ་ཤས་ནད་ཐོག་སྨན་བཅོས་ལ་སྤྱོད་རྩིས་ཡོད།

    ཀྲུང་ནན་ཧྲན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། མིག་སྔར་སྨན་རྫས་ཁག་གཅིག་ནད་ཐོག་སྨན་བཅོས་ཐད་སྤྱོད་རྩིས་ཡོད་པ་དང་། སྨན་དེ་དག་བདེ་འཇགས་ཡིན་པ་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ཞིབ་ཕྲའི་སྨན་བཅོས་ནུས་པ་གང་འདྲ་ཡོད་མེད་ཐད་ད་དུང་སྔར་བཞིན་ལྟ་ཞིབ་བྱེད་དགོས་ཀྱི་ཡོད། 

    ཁོང་གིས་ནད་པའི་དབུགས་ལམ་ནང་གི་ནད་དུག་གི་ཐེག་ཚད་ག་ཚོད་ཡིན་མིན་དང་། དུས་ཚོད་ངེས་ཅན་ཞིག་འགོར་རྗེས་འགྱུར་ལྡོག་ཅི་འདྲ་ཞིག་འབྱུང་སྲིད་མིན། དེ་བཞིན་དེའི་གཟུགས་བརྙན་གྱི་འགྱུར་ལྡོག་ཅི་འདྲ་འབྱུང་མིན་བཅས་ཀྱི་གནད་དོན་དེ་དག་ཚང་མ་གསལ་པོར་ཤེས་ན་གནས་ཚུལ་མང་པོ་ཞིག་གསལ་པོར་རྟོགས་ཐུབ་ཅེས་གསུངས་ཡོད།

 

འགོག་སྲུང་ལ་མཐོང་ཆེན་བྱེད་དགོས། འོན་ཀྱང་སྐྲག་དགོས་དོན་མེད།

    ཀྲུང་ནན་ཧྲན་གྱིས་ད་དུང་ཝུའུ་ཧན་ནས་ཡུལ་གཞན་དུ་ཡུལ་སྐོར་སྐྱོད་སྐབས་ནད་ཕོག་པའི་ནད་པ་ཞིག་གི་སྐོར་གླེང་གནང་ཞིང་། ནད་པ་དེར་ནད་རྟགས་ཐོན་མ་ཐག་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་འདོད་མ་བྱས་པ་དང་། ཉིན་གཉིས་ཀྱི་རྗེས་སུ་ཚ་བ་ཆེན་པོ་རྒྱས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་དུས་ནད་གཞི་ཚབས་ཆེར་གྱུར་ཡོད་པས། མི་རྣམས་ལ་ལུས་དྲོད་མཐོ་པོ་མེད་ཀྱང་ཚ་བ་རྒྱས་པ་དང་ལུས་ཤུགས་ཟད་པ། སྐམ་གློ་རྒྱག་པ། དེ་བཞིན་དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་སྣང་ཚུལ་ཐོན་དུས་ནར་འགྱངས་མ་བྱས་པར་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ཞེས་ཐེངས་མང་གསུངས་ཡོད།

    ཁོང་གིས་ཧུའུ་པེ་ནས་ཡུལ་གཞན་དུ་ལོ་གསར་གཏོང་བར་སྐྱོད་མཁན་ལ་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་ཤིང་། དེ་དག་ལ་ནད་རྟགས་ཐོན་མེད་ཀྱང་ཉིན་14རིང་ལོགས་སུ་འཇོག་དགོས་ཞེས་གསུངས།

    ཀྲུང་ནན་ཧྲན་གྱིས་ད་དུང་ང་ཚོས་འགོག་སྲུང་ལ་མཐོང་ཆེན་བྱེད་དགོས་ཀྱང་དངངས་སྐྲག་བྱེད་དགོས་དོན་མེད། དཔྱིད་གསར་དུས་ཆེན་རིང་འགོག་སྲུང་ལ་དོ་སྣང་བྱས་ཚེ་བདེ་འཇགས་ངང་ལོ་གསར་གཏོང་ཐུབ་ཅེས་ཚང་མར་དྲན་སྐུལ་གནང་ཡོད་པ་དང་། རབ་བྱུང་ན་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་དུ་མི་འགྲོ་བ་དང་། མི་མང་སར་གང་ཐུབ་ཅི་ཐུབ་ཀྱིས་མི་འགྲོ་བ། ཕྱི་ལོགས་སུ་འགྲོ་དུས་ཁ་རས་གྱོན་པ། ཁང་པའི་ནང་དུ་རླུང་རྒྱུག་ཏུ་འཇུག་པ། ལག་པ་འཁྲུ་བ། ལུས་སྦྱོང་མང་ཙམ་བྱེད་པ། མཚན་འཁྱོངས་ཉུང་ཙམ་བྱེད་པ་བཅས་བྱེད་དགོས། བདེ་ཐང་ངང་ལོ་གསར་ལ་རོལ་བ་ནི་བདེ་སྐྱིད་ལྡན་པའི་ངང་ལོ་གསར་ལ་རོལ་བ་ཞིག་ཡིན་ཞེས་གསུངས་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ། 

ཞུ་དག མིག་དམར་རྒྱལ་པོ།

སྒྲིག་སྒྱུར། བདེ་གཡང་།

འཚོ་བའི་རྒྱུན་ཤེས།

གློ་ཚད་གསར་པ་ཇི་ལྟར་འགོག་བཅོས་ཐད་ཀྱི་བསམ་འཆར་གསར་ཤོས།

央广网

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

གློ་ཚད་གསར་པ་ཇི་ལྟར་འགོག་བཅོས་ཐད་ཀྱི་བསམ་འཆར་གསར་ཤོས།

རིམས་ནད་ཀྱི་ད་ལྟའི་གནས་ཚུལ་ཇི་འདྲ་རེད། སྨན་བཅོས་ཇུས་གཞི་ཡོད་དམ། དཔྱིད་གསར་དུས་ཆེན་འདིར་ཇི་ལྟར་རོལ། ཀྲུང་གོའི་རིམས་འགོག་གསོ་རིག་མཁས་དབང་ཀྲུང་ནན་ཧྲན་གྱིས་ཀོང་ཀྲོའུ་