ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶མཁས་དབང་ཁོང་ནས་གསུངས་པ་འདི་ཁྱེད་ཀྱིས་གསན་རྗེས་གཞན་ལ་སྐུར་རོཊ།

2020-01-24 16:33:00     责编:娜科

 

您的浏览器不支持 audio标签

     མཁས་དབང་བསོད་ནམས་འཆི་མེད་མཆོག་ནི་སྤྱི་ལོ1962ལོར་ཁམས་སྡེ་དགེར་འཁྲུངས་ཤིང་། ཁོང་ཆུང་དུས་ནས་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་རྒྱུད་འཛིན་སློབ་མར་ཉར་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སྨན་རྩིས་གཉིས་ལ་མཐར་ཕྱིན་པའི་སློབ་གཉེར་གནང་སྟེ་ད་ལྟ་མཁས་དབང་གང་དེའི་རྒྱུད་པ་དངོས་འཛིན་མཁན་གྱི་སློབ་གཅིག་པུ་དེ་ཡིན། སྨན་རྩིས་ཐད་ལ་སློབ་གཉེར་མཐར་ཕྱིན་གནང་བས་བསོད་ནམས་འཆི་མེད་མཆོག་ལ་ཐེངས་དང་པོའི་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་ཅིང་། སྔ་རྗེས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རབ་འབྱམས་དང་འབུམ་རམས་སློབ་མའི་སློབ་དཔོན། རྒྱལ་ཁབ་རིམ་པའི་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་འཛིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་སོའི་སོའོ་ཀྲང་། བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་བརྒལ་བའི་རིག་ཚན་སྣེ་ཁྲིད་མཁན། དབྱིན་ཇི་ཏ་ར་བོད་སྨན་སློབ་གྲྭའི་གདན་ཞུས་དགེ་རྒན་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོ་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ། མཚོ་སྔོན་སློབ་ཆེན་བོད་སྨན་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གདན་ཞུས་དགེ་རྒན་ཆེན་མོ་སོགས་ཀྱི་གོ་མིང་བཞེས།

    དང་པོ། མཁས་དབང་བསོད་ནམས་འཆི་མེད་ཀྱིས་ཚན་རིག་ཞིབ་འཇུག་སྐོར་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་༨༦༣དང་།    བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་རྣམ་གྲངས་བོད་ཀྱི་སྨན་ལུམས་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས། བོད་སྨན་སྦྱོར་ཚད་ཆེན་མོ་སོགས་ཞིབ་འཇུག་གི་རྣམ་གྲངས་མང་པོར་ཕྱག་ལས་གནང་ཡོད་ལ། ལྷག་པར་དུ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་རྒྱུད་བཞིའི་འགྲེལ་ཆེན་ཕྱོགས་བསྒྲིགས་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་དང་། རྒྱལ་ཡོངས་དུས་རབས་ཉེར་གཅིག་པའི་དངོས་གཞིའི་སློབ་གྲྭ་ཆེན་མོའི་སློབ་དེབ་ལས་ཉེས་གསུམ་སྐོར་གྱི་སློབ་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་བོད་སྨན་སློབ་གསོ་དང་ཞིབ་འཇུག་དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ། བོད་ཀྱི་གསོ་བ་རིག་པ་ལས་སྨན་དཔྱད་ལུམས་ཀྱི་དོན་རྣམས་དཀྱུས་གཅིག་ཏུ་བསྡུས་ཏེ་བཤད་པ་དྲང་སྲོང་ཞལ་ལུང་ཞེས་པའི་གཙོ་སྒྲིག་པ་དང་། བོད་ཀྱི་གསོ་བ་རིག་པ་ལས་བཅོས་དཀའ་བའི་ནད་ཀྱི་སྨན་སྦྱོར་མཁས་མང་ཞལ་ལུང་གཅེས་པར་བཏུས་པ་རིན་ཆེན་ཕྲེང་བ་ཞེས་པའི་གཙོ་སྒྲིག་པ། བོད་ཀྱི་ལོ་ཐོ་བོད་རྒྱ་ཤན་སྦྱར་གྱི་གཙོ་སྒྲིག་པ་བཅས་ཚན་རིག་ཞིབ་འཇུག་གི་ལས་ཀ་མང་དུ་བསྒྲུབས་ཡོད་ལ། ད་དུང་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་ཁུ་བོའི་ཞལ་ལུང་ཞེས་པ་དང་། བོད་སྨན་ལེགས་བོད་ཤན་སྦྱར་ཞེས་པ་སོགས་དཔེ་དེབ་ཁ་ཤས་བརྩམས་གནང་བ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་བོད་ལུགས་གསོ་བ་རིག་པའི་གཤགས་བཅོས་ཞེས་པ་སོགས་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་པའི་རྩོམ་ཡིག་མང་དུ་སྤེལ་ཡོད་ལ་རྩོམ་ཡིག་ཁ་ཤས་ལ་བྱ་དགའ་ཡང་ཐོབ་ཡོད།

     གཉིས་པ། བསོད་ནམས་འཆི་མེད་མཆོག་ལ་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་མཐོང་རྒྱུད་མན་ངག་ཟབ་མོ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ཡོད་པར་བརྟེན་སྔ་རྗེས་སུ་མཁྲིས་སྐྲན་བདེ་བྱེད་དང་། བདུད་གསུམ་འཕྲུལ་འཁོར། ཁྲག་འཕེལ་བདེ་བྱེད། དྲེག་གྲུམ་ཀུན་སེལ། འཚོ་ཆེས་སྐོམ་བྱེད། གཅིན་སྙི་ཟ་ཁུའི་སྨན་བདུད་རྩི་བཅུ་པ། གྲུམ་ནད་སེལ་བའི་བདུད་རྩི་སྨན་ལུམས་དང་། ལྤགས་ནད་སེལ་བའི་བདུད་རྩི་སྨན་ལུམས། བཅུད་ལེན་བདུད་རྩི་སྨན་ལུམས་སོགས་བདུད་རྩི་སྨན་ལུམས་ཀྱི་སྦྱོར་བ་ཆ་ཚང་སོགས་དེང་དུས་འཛམ་གླིང་ཐོག་གསོ་བཅོས་ཤིན་ཏུ་དཀའ་བའི་ནད་ཀྱི་གཉེན་པོའི་སྨན་མཆོག་ཁག་གཅིག་ཞིབ་བཟོ་གནང་ནས་ནད་པ་དུ་མའི་ནད་བཅོས་སྲོག་སྐྱོབ་གནང་བས། རྒྱ་ཆེའི་ནད་པ་ཚོས་སྨན་པ་མཁས་ལ་སྨན་ཕན་པ་ཞེས་མགྲིན་གཅིག་ཏུ་བསྔགས་བརྗོད་ཞུ་བཞིན་ཡོད། ལྷག་པར་དུ་དེང་དུས་སྤྱི་ཚོགས་ལ་དགོས་གལ་ཆེ་བའི་སྐྲ་སྨན་དང་། ཤ་གསོས་ཆ་ཚང་ཞིབ་བཟོ་བྱས་ཡོད་པས་འདི་ནི་བོད་ཀྱི་ཤ་གསོས་ཆ་ཚང་ཐེངས་དང་པོ་ཡིན་སྟབས་བོད་སྨན་ཤ་གསོས་སྐོར་གྱི་སྟོང་ཆ་ཁ་བསྐངས་ཡོད། ཤ་གསོས་དེར་བོད་ལྗོངས་འཕྲོད་བསྟེན་ཚན་པས་བེད་སྤྱོད་ཆོག་པའི་ཆོག་མཆན་ཐོབ་མ་མ་ཟད་བོད་སྨན་སློབ་གྲྭ་ཆེན་མོའི་ཐེངས་དང་པོའི་ཚན་རིག་ཞིབ་འཇུག་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད།

    གསུམ་པ།   གཞན་ཡང་མི་སྣ་གསོ་སྐྱོང་ཐད་ལ་བོད་སྨན་དངོས་གཞིའི་སློབ་མ་དང་། རབ་འབྱམས་འི་སློབ་མ། འབུམ་རམས་པའི་སློབ་མ་སོགས་སློབ་མ་མང་དུ་གསོ་སྐྱོང་གནང་ཡོད་པ་མ་ཟད་དབྱིན་ཇི་སོགས་ཕྱི་ཡི་རྒྱལ་ཁབ་ཁག་ལ་ཐེངས་མང་ཕེབས་ནས་བོད་ཀྱི་གསོ་བ་རིག་པ་སློབ་ཁྲིད་དང་། དྲིལ་བསྒྲགས། སྨན་བཅོས་བཅས་ཀྱིི་ལས་དོན་བཟང་པོ་མང་དུ་བསྒྲུབས་ཡོད་པས། ཁོང་ལ་སྔ་རྗེས་སུ་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་ལས་བྱེད་པ་སོགས་ཀྱི་གཟེངས་བསྟོད་ཐེངས་མང་ཐོབ་ཡོད། ལྷག་དོན་དུ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་ཐུན་མོང་ཁྱད་འཕགས་སྨན་བཅོས་ལག་ལེན་དང་མྱོང་བྱང་གི་སྨན་སྦྱོར་མན་ངག་རྣམས་རྒྱུན་འཛིན་དང་དེ་དག་བེད་སྤྱོད་ཀྱིས་རྒྱ་ཆེའི་ནད་པ་རྣམས་ལ་སྨན་བཅོས་གནད་སྨིན་དང་ལག་ལེན་དངོས་ཀྱི་ནུས་པ་ཡོད་པའི་མི་སྣ་གཙོ་སྐྱོང་སོགས་ལ་དམིགས་ནས་ཁྲོ་རུ་ཚེ་རྣམ་བོད་སྨན་ཁང་ཞེས་པ་གསར་འཛུགས་གནང་ནས་ཉིན་རེར་ནད་པ་བཅུ་ཕྲག་མང་པོར་ནད་ལྟ་སྨན་བཅོས་གནང་བཞིན་ཡོད་པ་མ་ཟད་ད་དུང་སློབ་མ་རེ་བ་ཅན་རྣམས་ལ་སྨན་བཅོས་ལག་ལེན་དངོས་ཀྱི་དམར་ཁྲིད་ཀྱང་གནང་བཞིན་ཡོད་ལ། གཞན་ཡང་ནད་པ་སྨན་རིན་སྤྲོད་རྒྱུ་མེད་པར་རིན་མེད་ཀྱིས་སྨན་བཅོས་དང་སྐབས་འགར་གྲོང་གསེབ་ཏུ་ཕེབས་ནས་རིན་སྨན་སྦྱིན་གནང་བ་སོགས་མདོར་ན་སྨན་པའི་རྒྱུ་དྲུག་ཚང་ཞིང་རྣམ་དཀར་དགའ་བའི་མཛད་བཟང་སྐྱོང་བཞིན་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་སྤྱི་ལས་ཁུངས།

ལྟ་སྐུལ། ཚེ་དགའ། 

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱལ་པོ།  

གསར་འགོད་པ།  མཁའ་སྤྱོད་དབང་མོ། 

འཚོ་བའི་རྒྱུན་ཤེས།

▶མཁས་དབང་ཁོང་ནས་གསུངས་པ་འདི་ཁྱེད་ཀྱིས་གསན་རྗེས་གཞན་ལ་སྐུར་རོཊ།

央广网

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

▶མཁས་དབང་ཁོང་ནས་གསུངས་པ་འདི་ཁྱེད་ཀྱིས་གསན་རྗེས་གཞན་ལ་སྐུར་རོཊ།

མཁས་དབང་བསོད་ནམས་འཆི་མེད་མཆོག་ནི་སྤྱི་ལོ1962ལོར་ཁམས་སྡེ་དགེར་འཁྲུངས་ཤིང་། ཁོང་ཆུང་དུས་ནས་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་རྒྱུད་འཛིན་སློབ་མར་ཉར་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སྨན་རྩིས་