ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཉེན་ཁའི་དུས་སུ་འདི་ལྟར་བྱས་ན་སྲོག་སྐྱོབ་ཐུབ།

2020-01-12 08:59:00     责编:卓玛才让

མི་ཚོགས་ཀྱི་འཚང་ཁ་ཆེ་བའི་ས་ཆར། 
གལ་ཏེ་རྡོག་རྫིས་བཏང་བའི་དོན་རྐྱེན་བྱུང་ཚེ།
མཇུག་འབྲས་ཧ་ཅང་ཚབས་ཆེན་ཡིན། 
རྡོག་བརྫིས་དོན་རྐྱེན་དང་འཕྲད་ཚེ།
ང་ཚོས་རང་ཉིད་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།

 

1. འཚང་ཁ་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ་མཐའ་འཁོར་གྱི་མིས་བཙུར་ཏེ་རྡོག་བརྫིས་གཏོང་བའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་ཆེད་མིའི་འགྲོ་རྒྱུན་གཏོར་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས།

     མི་ཚོགས་ཀྱི་འཚང་ཁ་ཆེ་བའི་སྐབས་སུ་དཔུང་བ་གཉིས་ཡར་བཀྱགས་ཏེ། ལག་པའི་གྲུ་མོས་མི་དང་མིའི་བར་གྱི་བར་གསེང་ལ་ཁ་གཏད་དེ། མིའི་འགྲོ་རྒྱུན་གྱི་ལྗིད་ཤུགས་རང་ཉིད་ཀྱི་ཕྱོགས་གཉིས་སུ་གཏོར་དགོས། འདི་ལྟར་བྱས་ན་མིའི་བཞུར་རྒྱུན་ཁྲོད་ནས་ས་ལ་འགྱེལ་བའི་ཉེན་ཁར་གཡོལ་ཐུབ། ད་དུང་རང་ཉིད་ཀྱི་ལས་ལྗིད་བརྟན་པོ་འཛིན་དགོས་པ་དང་ལུས་པོ་མི་ཚོགས་ཀྱི་རྡེབ་ཤུགས་ལ་འགྲན་རྒོལ་བྱེད་དུ་འཇུག་མི་རུང་། བྲང་ཁོག་ལ་སྲུང་སྐྱོབ་བྱེད་དགོས།  འཚང་ཤུགས་ཇེ་ཆུང་དུ་བཏང་སྟེ་ལུས་པོར་ཤུགས་ཐེབས་བའི་ངོས་ཇེ་ཉུང་དུ་གཏོང་དགོས།

2.མི་ཚོགས་ཀྱི་འཚང་ཁའི་ཁྲོད་དུ། གལ་ཏེ་ཉེ་འགྲམ་གྱི་མིས་ཁྱོད་རང་ས་ལ་འགྱེལ་དུ་བཅུག་ཚེ། གཤམ་ལྟར་བྱས་ན་གནོད་འཚེ་ཐེབས་པར་སྔར་ལས་སྔོན་འགོག་བྱེད་ཐུབ་ཅིང་། བདེ་འཇགས་ཀྱི་བཏགས་གྲངས་ཇེ་མཐོར་གཏོང་ཐུབ། 

     ཐང་ལ་འགྱེལ་རྗེས། གལ་ཏེ་ཡར་ལངས་མི་ཐུབ་ན། མྱུར་དུ་ལུས་པོ་འཁུམ་དགོས། ལག་པ་གཉིས་ཀྱིས་མགོ་དང་བྲང་ཁོག་ལ་སྲུང་སྐྱོབ་བྱས་ཏེ། དཔུང་རུས་དང་སོག་རུས། སྒྲོག་རུས། མཚང་རུས་བཅས་ཀྱིས་དོན་སྣོད་ལ་སྲུང་སྐྱོབ་བྱེད་པའི་འདེགས་སྲུང་ཆགས་དགོས། དེ་ལྟར་བྱས་ན་གང་ཐུབ་ཀྱིས་སྲོག་ལ་ཐུག་པའི་ཉེན་ཁ་གཡོལ་ཐུབ།

     མཉམ་འཇོག་དགོས་པ་ཞིག་ལ། ལག་པ་དང་པུས་མོ་སྦྲེལ་ནས་ཁོག་སྟོང་གི་ས་ཁོངས་སུ་གྲུབ་ན། བྲང་ཁོག་ལ་ཕན་ནུས་ལྡན་པའི་སྒོ་ནས་འགོག་སྲུང་བྱེད་ཐུབ་པ་མ་ཟད། ད་དུང་དབུགས་ལེན་པར་བར་སྟོང་ངེས་ཅན་ཤིག་འཇོག་ཐུབ། 

     ང་ཚོས་ད་དུང་གོ་སྐབས་དང་བསྟུན་ནས་གྱང་ལྡེབས་དང་ཉེ་བར་བཅར་དེ་ལུས་པོ་གཞོགས་ཉལ་ནས་པུས་མོ་ས་ལ་བཙུགས་ཏེ་འདུག་ཐབས་བྱེད་དགོས་པ་དང་། ལག་པ་གཉིས་ཀྱིས་ཀླད་པའི་ལྟག་རུས་དམ་པོར་སྡོམ་དགོས། དེ་དང་དུས་མཚུངས་སུ་ང་ཚོས་རྐང་པའི་མཁྲིག་མའི་མཚམས་དང་། རྐང་ངར་དང་བརླ། བརླ་དང་ལུས་གཞུང་། ལུས་གཞུང་དང་དཔུང་ཆེན། དཔུང་ཆེན་དང་ལག་ངར་བཅས་ཀྱིས་ཟུར་གསུམ་དབྱིབས་ཀྱི་འདེགས་སྐྱོར་གྲུབ་དགོས། དེ་ལྟར་བྱས་ན་གནོན་ཤུགས་འགོག་པའི་ནུས་པ་སྔར་ལས་ཆེ་རུ་འགྲོ་ཐུབ། 

བདེ་འཇགས་འགོག་སྲུང་གི་བྱེད་ཐབས་འདི་དག་ཁྱོད་ཀྱིས་ཤེས་སོང་ངམ།

ཡིན་ཡང་ང་ཚོས་ད་དུང་ཅི་ནུས་ཀྱིས་རྡོག་རྫིས་དོན་རྐྱེན་མི་འབྱུང་བར་རེ་བ་བྱེད་ཀྱིན་ཡོད། 

འཚང་ཁ་ཆེ་བའི་མི་ཚོགས་ལ་འཕྲད་པའི་སྐབས་སུ། 

  • 1. འཚང་ཁ་ཆེ་བའི་མི་ཚོགས་རང་ཉིད་ཀྱི་ཕྱོགས་སུ་ཡོང་བའི་སྐབས་མྱུར་དུ་གཡོལ་དགོས་མོད། འོན་ཀྱང་རྒྱུགས་མི་རུང་། ཐང་ལ་འགྱེལ་བའི་ཉེན་ཁ་ཆེ།

  • 2. གལ་ཏེ་ལམ་འགྲམ་དུ་ཚོང་ཁང་སོགས་གནས་སྐབས་ཙམ་ལ་གཡོལ་ཆོག་པའི་གནས་ཤིག་ཡོད་ན། གནས་སྐབས་སུ་དེར་གཡོལ་ཆོག  མི་རྒྱུན་དང་ལྡོག་ནས་མདུན་དུ་འགྲོ་མི་རུང་། དེ་ལྟར་བྱས་ན་ས་ལ་འགྱེལ་སླ། 

  • 3. གལ་ཏེ་མི་ཚོགས་ཀྱི་འཚང་ཁའི་ཁྲོད་དུ་ལྷུང་ཚར་བ་ཡིན་ན་ངེས་པར་དུ་སྔོན་ལ་རྐང་པ་གཉིས་བརྟན་པོར་འདུག་དགོས། ཚོང་ཁང་སོགས་ཀྱི་ཤེལ་སྒོ་དང་བར་ཐག་རིང་སར་འདུག་དགོས། ཤེལ་སྒོ་སོགས་ཆག་ནས་རྨས་སྐྱོན་ཕོག་པར་སྔོན་འགོག་བྱེད་དགོས།

  • 4. འཚང་ཁ་རྒྱག་པའི་མི་ཚོགས་ཀྱི་ཁྲོད་དུ་ལུས་པོ་མདུན་དུ་གསེག་པའམ་ཡང་ན་རྐང་པ་ལྷོད་གཡེང་གི་ངང་ནས་འདུག་མི་རུང་། ལྷམ་གཞན་གྱིས་མནན་ཏེ་རྐང་ནས་ལྷུང་ཡང་གང་བྱུང་དུ་མར་སྒུར་ནས་ལྷམ་ལེན་པའམ་ལྷམ་ཐུག་སྒྲོག་པ་སོགས་ཉེན་ཁ་ཆེ་བའི་ལས་ཀ་བྱེད་མི་རུང་། 

  • 5.གལ་ཏེ་སྲ་ཞིང་བརྟན་པའི་དངོས་པོ་སོགས་ལ་འཛིན་ཐུབ་སྲིད་ན། དཔེར་ན་ལམ་སྒྲོན་གྱི་ཀ་བ་ལྟ་བུ་ཡོད་ན་དེར་བཟུང་དེ་མི་ཚོགས་སོང་རྗེས་མྱུར་དུ་སེམས་རྣལ་ལ་ཕབ་རྗེས་ཡུལ་དངོས་དང་ཁ་བྲལ་དགོས།

ཟང་ཟིང་གི་གནས་ཚུལ་བྱུང་བའི་སྐབས་སུ། 

  • 1. འཚང་ཁ་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱ་དགོས། གལ་ཏེ་མི་ལ་ལའི་བློ་ཁ་མི་འགྲིག་པའམ་ཡང་ན་མི་ཚོགས་ཀྱིས་ཟིང་ཆ་སློང་བའི་སྐབས་སུ་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་དགོས། 

  • 2. སྐབས་དེར་རྐང་འོག་ཏུ་མཉམ་འཇོག་བྱེད་དགོས། ངེས་པར་དུ་ས་ལ་འགྱེལ་མི་རུང་། རང་ཉིད་རྡོག་རྫིས་དོན་རྐྱེན་གྱི་འབྱུང་རྐྱེན་དུ་གྱུར་བའི་ཉེན་ཁ་སྔོན་འགོག་བྱེད་དགོས།

  • 3. གལ་ཏེ་རང་ཉིད་ཀྱི་མདུན་དུ་མི་ཞིག་གློ་བུར་དུ་ཐང་ལ་འགྱེལ་ཚེ་མྱུར་དུ་གོམ་པ་སྤོ་མཚམས་བཞག་ཏེ།  སྐད་གསང་མཐོན་པོས་མྱུར་སྐྱོབ་བྱེད་པར་འབོད་དགོས་པ་དང་།  རྒྱབ་ཀྱི་མིར་མདུན་དུ་མ་བཙང་ཞེས་བཤད་དགོས།

  • 4.གལ་ཏེ་ཐང་ལ་འགྱེལ་སོང་ཚེ་ཐབས་བརྒྱ་ཇུས་སྟོང་གིས་གྱང་རྩར་བཅར་ཐབས་བྱེད་དགོས། ཁ་གྱང་ལ་ཕྱོགས་ཏེ་ལུས་པོ་ཀུམ་ནས་ཟླུམ་པོར་སྡོད། ལག་པ་གཉིས་ཀྱིས་ཀླད་པའི་ལྟག་རུས་དམ་པོར་བསྡམས་ནས་ལུས་ཟུངས་ཀྱི་ཞན་སའམ་དོན་སྣོད་ལ་སྲུང་སྐྱོབ་བྱེད་དགོས།

རྡོག་རྫིས་བཏང་བའི་དོན་རྐྱེན་ནི་འཇིགས་སྣང་ཆེ་ན་ཡང་། 
དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་

སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་པ་དང་།
རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ནུས་རྩལ་ཁོང་དུ་ཆུད་ཡོད་ན།
གང་ཐུབ་ཀྱིས་རང་ཉིད་ལ་གནོད་འཚེ་

མི་ཕོག་པར་སྲུང་སྐྱོང་བྱེད་ཐུབ་ངེས།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཉེན་ཁའི་དུས་སུ་འདི་ལྟར་བྱས་ན་སྲོག་སྐྱོབ་ཐུབ།