ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མིག་ཤེལ་གྱོན་མཁན་ཚོའི་ཁྲོད་དུ་རས་འདིའི་སྤྱོད་སྒོ་ཤེས་མཁན་ཉུང་།

2019-11-26 09:07:00     责编:卓玛才让

ཁ་བྱང་འདི་མཐོང་རྗེས་མི་མང་པོ་ཞིག་གིས། མིག་ཤེལ་རས་ནི་མིག་ཤེལ་ཕྱི་བྱེད་མིན་ན་ཅི་ཞིག་ཡིན་ནམ་ཞེས་འདྲི་ངེས།

     འོན་ཀྱང་། མིག་ཤེལ་རས་ཀྱི་སྤྱོད་སྒོ་ངོ་མ་ནི་མིག་ཤེལ་ཕྱི་བྱེད་མ་རེད།

མིག་ཤེལ་རས་ཀྱི་སྤྱོད་སྒོ་ངོ་མ།

     མིག་ཤེལ་སྟེང་སྦགས་བཙོག་ཆགས་ཚེ། ཤེལ་བརླན་ཙམ་བྱས་རྗེས་མིག་ཤེལ་རས་དང་ལྭ་བ་ཡིས་ཕྱི་བའི་གོམས་གཤིས་དེ་ནི་མིག་ཤེལ་གྱོན་མཁན་ལ་མཚོན་ན་ཆ་རྒྱུས་ཧ་ཅང་ཆེ་བ་ཞིག་ཡིན།

     འོན་ཀྱང་།  ཚོང་རའི་ཁྲོད་ཀྱི་མིག་ཤེལ་རས་ཀྱི་རྒྱུ་ཆ་མང་ཆེ་བ་ཞིབ་འཇམ་མིན་པས་ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱས་རྗེས། རས་ཀྱི་སྟེང་དུ་ཐལ་རྡུལ་དང་འབག་རྫས་འགོ་སླ།  དེ་བཞིན་ཤེལ་ལེབ་སྟེང་དུའང་རྡུལ་ཕྲན་མང་པོ་ཡོད་པས། མིག་ཤེལ་མ་བཀྲུས་པར་ཐད་ཀར་མིག་ཤེལ་རས་ཀྱིས་ཕྱིས་ན་ཐལ་རྡུལ་ཆུང་ཆུང་གིས་གཙུབ་བརྡར་བྱས་པ་དང་འདྲ།

     ད་དུང་གོ་བདེ་བར་བཤད་ན། དེ་ནི་ཤོག་བུ་བརྡར་མས་ཤེལ་ལེབ་སྟེང་གཙུབ་བརྡར་བྱེད་པ་དང་མཚུངས་པས། དུས་ཚོད་རིང་ཙམ་འགོར་ན་ཤེལ་ལེབ་རང་བཞིན་གྱིས་བརླག་འགྲོ་བ་རེད།

     དོན་དངོས་སུ་རྒྱུ་ཆ་ཧ་ཅང་བཟང་བའི་མིག་ཤེལ་རས་ཡིན་རུང་ཐད་ཀར་མིག་ཤེལ་ཕྱིས་ན་མི་འགྲིག

     མིག་ཤེལ་རས་ཀྱི་བྱེད་ནུས་ངོ་མ་ནི་མིག་ཤེལ་ཐུམ་བྱེད་ཡིན། དེ་ལྟར་བྱས་ན་ཤེལ་ལེབ་དང་ཤེལ་སྒམ་བར་གྱི་གཙུབ་བརྡར་ཇེ་ཉུང་དུ་གཏོང་ཐུབ།

     མིག་ཤེལ་རས་ཀྱིས་མིག་ཤེལ་གཙང་སྦྲ་བྱེད་མི་ཐུབ་ན། མིག་ཤེལ་གཙང་མ་བྱེད་པའི་ཐབས་ཤེས་ཡང་དག་པ་ནི་ཅི་ཞིག་ཡིན་ནམ།

མིག་ཤེལ་འདི་ལྟར་གཙང་སྦྲ་བྱས་ན་འགྲིག་གི་རེད།

 

     མིག་ཤེལ་གཙང་སྦྲ་བྱེད་པའི་ཐབས་ལམ་ཡང་དག་ནི་འདག་བཤེར་གྱིས་བཀྲུ་དགོས། (གལ་ཏེ་འདག་བཤེར་མེད་ན་ཆུ་གཙང་མ་ཡིས་སྟབས་བདེའི་ངང་བཀྲུས་ཀྱང་ཆོག)

1.ཐོག་མར་ཤེལ་ལེབ་སྟེང་དུ་འདག་རྫས་ཉུང་ཙམ་བླུགས་ཏེ་མཛུབ་མོ་ཤེལ་ལེབ་སྟེང་དུ་བཞག་ནས་དལ་གྱིས་སྐོར་དགོས།

2. དེ་ནས་ཤེལ་ལེབ་སྟེང་ཆུ་བླུགས་ནས་བཤལ་དགོས། ཆུའི་ཤུགས་ཆེ་དྲག་མི་རུང་།

3. གཙང་མར་བཀྲུས་རྗེས་འཇམ་མཉེན་གྱི་ཤོག་བུས་ཕྱོགས་གཅིག་ལ་གཏད་ནས་ཤེལ་ལེབ་སྟེང་གི་ཆུ་འཇིབ་པ་ལས་ཕར་ཚུར་གཙུབ་བརྡར་བྱེད་མི་རུང་།

4.མཇུག་མཐར་མིག་ཤེལ་རླུང་ཡོད་སར་བཞག་ནས་སྐམ་རྗེས། མིག་ཤེལ་བཀྲུ་བའི་བྱ་བ་ལེགས་འགྲུབ་བྱུང་བ་ཡིན།

 

མིག་ཤེལ་བདག་བྱེད་ཐབས་ཀྱི་རྒྱུན་ཤེས་ཆུང་ཆུང་།

1.ཆུ་གཙང་མས་བཀྲུ་བའི་ཐབས་ལམ་ལས་གཞན། ད་དུང་ཚད་བརྒལ་སྒྲ་རླབས་གཙང་འཁྲུད་འཕྲུལ་འཁོར་གྱིས་མིག་ཤེལ་བཀྲུ་ཆོག

2.ལག་པ་གཉིས་ཀྱིས་མིག་ཤེལ་གྱོན་དགོས། ལག་པ་གཅིག་གིས་མིག་ཤེལ་གྱོན་ན་མིག་ཤེལ་གྱི་དབྱིབས་འགྱུར་སླ།

མིག་ལ་གཅེས་སྤྲས་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱི་མིག་ཤེལ་ལ་སྲུང་སྐྱོབ་བྱེད་རྒྱུ་མ་བརྗེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有

མིག་ཤེལ་གྱོན་མཁན་ཚོའི་ཁྲོད་དུ་རས་འདིའི་སྤྱོད་སྒོ་ཤེས་མཁན་ཉུང་།