ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

རྒྱུན་དུ་མཚན་སྐྱེལ་ན་འདི་འདྲར་འགྱུར་ཉེན་ཆེ།

2019-11-07 09:12:00     责编:卓玛才让

རྒྱུན་དུ་མཚན་སྐྱེལ་ན་བླུན་འཐོམས་སུ་འགྱུར་ཉེན་ཡོད་པ་ཚན་རིག་གིས་བདེན་དཔང་བྱས་འདུག

 

    ཁྱེད་རང་གཉིད་ཡོད་པའི་སྐབས་སུ་དངོས་གནས་ཀླད་ཁྲག་དང་ཀླད་ཆུ་གཙང་འཁྲུད་བྱེད་བཞིན་ཡོད་དམ།

     དམར་པོ་ནི་ཁྲག་དང་སྔོན་པོ་ནི་ཀླད་ཆུ་ཡིན། པོ་ཧྲི་ཏུན་སློབ་ཆེན་གྱི་ཚན་རིག་པ་རྣམས་ཀྱིས་ཆེས་ཐོག་མར་གཙང་འཁྲུད་བརྒྱུད་རིམ་པར་དུ་ལེན་ཐུབ་ཡོད།

 

     སྔོན་ཆད་ཁྲག་རྒྱུན་འབོར་ཆེན་དུས་འཁོར་ལྟར་ཕྱི་ལོགས་སུ་བཞུར་བ་མཐོང་མྱོང་མེད། ཁྲག་རྒྱུན་འབོར་ཆེན་ཕྱི་ལ་བཞུར་ཐེངས་རེ་རེར། ཀླད་ཆུ་ཡིས་གོ་སྐབས་དེ་དང་བསྟུན་ནས་ཀླད་ཆེན་དུ་འཛུལ་ནས་དུག་རྒྱུ་གཙང་སེལ་བྱེད་བཞིན་ཡོད། དཔེར་ན་ཨར་ཚི་ཧའེ་མོ་ནད་སློང་བའི་βམང་རྒྱུ་འདྲ་བའི་སྤྲི་དཀར་ལྟ་བུ་གཙང་སེལ་བྱེད་བཞིན་ཡོད།

     དེ་ལྟ་བུའི་གཙང་འཁྲུད་ནི་གཉིད་དུ་ཡུར་རྗེས་མ་གཏོགས་སྒྲུབ་མི་ཐུབ་ལ། གཉིད་ལས་སད་དུས་ཀླད་པ་དྭངས་གསལ་དུ་གྱུར་ཡོད། གཉིད་མ་ཁུག་པའི་སྐབས་སུ། ཀླད་ཆུ་ལ་དུག་རྒྱུ་གཙང་སེལ་བྱེད་པའི་གོ་སྐབས་ཡག་པོ་མེད།

     དེ་མིན་ད་དུང་། ཞིབ་འཇུག་མི་སྣས་ཀླད་པའི་གློག་གི་འགུལ་སྐྱོད་དང་གཙང་འཁྲུད་བརྒྱུད་རིམ་བར་གྱི་འབྲེལ་བའང་ཤེས་རྟོགས་བྱུང་ཡོད་དེ། ཀླད་པའི་གློག་རླབས་ཀྱིས་གཤེར་གཟུགས་འགུལ་སྐྱོད་ལ་བཀོད་འདོམས་བྱེད་བཞིན་ཡོད་པ་རེད།

     ཞིབ་འཇུག་གྲུབ་འབྲས་དེ་Scienceསྟེང་ལ་བཀོད་མ་ཐག་ཡིན་པས། ཚང་མ་དུས་ཚོད་མང་ཙམ་ཉལ་ནས་མཚན་མ་སྐྱེལ་ན་བཟང་། གལ་སྲིད་ཀླད་པ་གཙང་འཁྲུད་ཡག་པོ་མ་བྱས་ན་དངོས་གནས་བླུན་འཐོམས་སུ་འགྱུར་ཡང་སྲིད།

     ཚན་རིག་པ་རྣམས་ཀྱིས་ཚོད་ལྟ་ཞིག་བྱས་ཏེ། མི་13ལ་ཀླད་དཔྱད་གློག་ཞྭ་བཀབ་ནས། ཉིང་རྡུལ་གློག་པར་(MRI)འཕྲུལ་ཆས་ནང་གཉིད་དུ་བཅུག་པ་ན། ཀླད་དཔྱད་གློག་རིས་ལས་མི་ཞིག་གཉིད་ཡོད་པའི་རྣམ་པ་མངོན་ཞིང་ MRIཡིས་ཁྲག་དབྱང་གི་ཆུ་ཚད་ཚད་འཇལ་བྱེད་ཐུབ་ལ། ཀླད་ཆུ་ག་ཚོད་ཀླད་ཆེན་དུ་བཞུར་བཞིན་ཡོད་པ་ཤར་ཡོང་།

     དེ་ལྟར་བྱས་པ་ན་ཀླད་པའི་ནང་གི་ཁྲག་དང་དབྱང་གི་གར་ཚད་ལ་འགྱུར་ལྡོག་མངོན་གསལ་བྱུང་ཞིང་། ཁྲག་རྒྱུན་འབོར་ཆེན་དུས་འཁོར་ལྟར་ཀླད་པའི་ཕྱི་ལ་བཞུར་བའི་ངོ་མཚར་བའི་སྣང་ཚུལ་མཐོང་བ་རེད།

     དེའི་སྐབས་སུ། ཀླད་ཆུ་ཡིས་གོ་སྐབས་དེ་དང་བསྟུན་ནས་ཀླད་ཆེན་དུ་བཞུར་ཏེ། ཀླད་ཆེན་གྱི་བར་སྟོང་ཚང་མ་བཀང་བར་བྱས།

 

    གཉིད་ལས་བསད་རྗེས། འཁོར་སྐྱོད་ཀྱི་རྣམ་པ་དེ་མཐོང་རྒྱུ་མེད་པར་གྱུར་བས། ཀླད་ཆུ་ཀླད་ཆེན་དུ་བཞུར་ནས་གཙང་འཁྲུད་ཡག་པོ་བྱེད་ཐབས་མེད་པར་གྱུར་བ་རེད།

     དཔྱད་རྩོམ་གྱི་འཕྲིན་གཏོང་རྩོམ་པ་པོ་LaaLewisཡིས་དེ་ནི་གཉིད་དུ་ཡུར་བའི་གོ་རིམ་ཁྲོད། ཀླད་པའི་ནང་གི་དབང་རྩའི་ཕྲ་ཕུང་རྣམས་མཉམ་དུ་འགུལ་སྐྱོད་བྱེད་འགོ་བརྩམས་ཏེ་མཉམ་དུ་སྒོ་ཕྱེ་བ་དང་། མཉམ་དུ་སྒོ་གཏན་པའི་རྐྱེན་གྱིས་ཡིན་པར་འདོད་བཞིན་ཡོད།

      ཁོང་གིས་དེ་ལྟར་ཚོད་དཔག་བྱེད་པའི་རྒྱུ་མཚན་ནི། ཀླད་དཔྱད་གློག་རིས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། དབང་རྩའི་ཚིགས་འགྲོས་བྱུང་རྗེས་ད་གཟོད་ཁྲག་དང་ཀླད་ཆུ་འཁོར་རྒྱུག་བྱུང་བའི་རྐྱེན་གྱིས་རེད།

     དབང་རྩའི་ཕྲ་ཕུང་འབོར་ཆེན་མཉམ་དུ་སྐུལ་སློང་བྱེད་མཚམས་བཞག་ན། ཁྲག་དེ་འདྲའི་མང་པོ་ནང་དུ་བཞུར་ནས་དབྱང་རླུང་སྐྱེལ་འདྲེན་བྱེད་མི་དགོས་པས། ད་གཟོད་ཀླད་ཆུ་ནང་དུ་འཛུལ་བའི་གོ་སྐབས་བྱུང་། དེའི་རྐྱེན་གྱིས་ང་ཚོས་གོང་དུ་བརྗོད་པའི་སྣང་ཚུལ་དེ་བྱུང་བ་རེད།

 

གཉིད་དུ་ཡུར་རྗེས་ད་གཟོད་ཀླད་པ་གཙང་འཁྲུད་བྱེད་ཐུབ་པའི་རྒྱུ་མཚན་ཅི་ཡིན།

 

     སྣང་ཚུལ་འདི་གསར་རྙེད་བྱུང་བ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། དེས་ང་ཚོར་གཉིད་དུ་ཡུར་བ་ལ་བྱེད་ནུས་ཧ་ཅང་ཁྱད་པར་ཅན་ཞིག་ཡོད་པ་ཤེས་སུ་བཅུག་ཡོད།

     ང་ཚོ་གཉིད་ལས་སད་དུས་དབང་རྩ་རྣམས་ཀྱིས་མཉམ་དུ་སྒོ་ཕྱེ་མི་སྲིད། དེའི་ཕྱིར། སད་པའི་སྐབས་སུ་ཀླད་ཆེན་གྱི་ཁྲག་ཚད་ཧ་ཅང་དམའ་མོར་ལྷུང་དུ་འཇུག་ཐབས་མེད།

     གཉིད་དུ་ཡུར་རྗེས། ཀླད་པའི་ནང་དུ་ཁྲག་དེ་འདྲ་མང་པོ་མེད་པའི་སྐབས་སུ། ཀླད་ཆུ་ད་གཟོད་རང་དགར་འཁོར་སྐྱོད་བྱས་ནས། βསིང་ཕྱེ་དང་སྤྲི་དཀར་ལྟ་བའི་རྙིང་ཚབ་གསར་བྱེད་ཀྱི་ཐོན་དངོས་གཙང་སེལ་བྱེད་ཐུབ།

 

ཀླད་པར་གཙང་འཁྲུད་ཡག་པོ་བྱེད་མ་ཐུབ་ན། ངོ་མ་བླུན་འཐོམས་ཞིག་ཏུ་འགྱུར་ཉེན་ཆེ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有

རྒྱུན་དུ་མཚན་སྐྱེལ་ན་འདི་འདྲར་འགྱུར་ཉེན་ཆེ།