ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶ཐབས་འདིས་ཕྲུ་གུའི་སྲོག་སྐྱོབ་ཐུབ་པས་ཀུན་གྱིས་ཡིད་ལ་འཛིན་རོགས།

2019-10-28 16:46:00     责编:娜科

 

 

 

 

ཉེ་ཆར། ཧོ་པེ་པའོ་ཏིང་གི་ཡིད་རྟོན་ཁང་ཞིག་ཏུ་

ཕྲུ་གུ་ཞིག་ཀ་རས་བརྣངས་པས།  

 བུད་མེད་གཉིས་ཀྱིས་ཁོའི་རྒྱབ་རྡེབ་ནས་

མྱུར་སྐྱོབ་བྱས་ཀྱང་གོ་མ་ཆོད།

ཅུང་མ་འགོར་བར་ཕྲུ་གུས་དབུགས་ལེན་

དཀའ་ཞིང་ངོ་མདོག་དམར་པོ་དང་

མཆུ་སྐྱ་བོར་གྱུར།

སྐབས་དེར་ལས་ཁུངས་དེའི་ལས་ཀ་བ་

ལིའུ་སུང་(刘松)ཚོང་སྒྲོམ་ལས་བརྒྱུགས་ཡོང་སྟེ།

ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་བྱ་ཐབས་
(海姆立克急救法)

སྤྱད་དེ་ཕྲ་གུའི་རྒྱབ་ནས་པང་དུ་བཟུང་ཞིང་།

ལག་ཟུང་གིས་མགྱོགས་མྱུར་ངང་ནང་དང་

ཡར་གྱི་ཕྱོགས་སུ་བཙིར་གནོན་བྱས་པ་ན། 

སྐར་ཆ་7ཙམ་ལས་མ་འགོར་བར།

ཕྲུ་གུ་དེའི་མིད་པར་འགགས་པའི་

ཀ་ར་ཕྱིར་སྐྱུག་ཐུབ་ཡོད། 

 

གལ་སྲིད་ལས་ཀ་བ་དེས་མྱུར་སྐྱོབ་

བྱེད་ཐབས་དེ་ཤེས་མེད་ན། 

ད་ཆ་ཕྲུ་གུ་དེའི་སྲོག་ཤོར་ཡོད་སྲིད། 

དྲ་གྲོགས་ཡོངས་ནས་མྱུར་སྐྱོབ་

བྱེད་ཐབས་འདི་ཡིད་ལ་ཟུངས་དང་།

འདིས་དོན་རྐྱེན་དེ་འདྲ་དང་འཕྲད་

སྐབས་ཕྲུ་གུའི་ཚེ་སྲོག་སྐྱོབ་ཐུབ་བོ།།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

སྒྲིག་སྒྱུར། པ་སངས་བདེ་སྐྱིད།

ཞུ་དག བདེ་ལྷ་མོ།

中央广播电视总台 央广网 版权所有