ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

འཛམ་གླིང་སྐོར་གྱི་ཤེས་བྱ་ཁག་གཅིག་བཞུགས་སོ།

2019-10-12 09:18:00     责编:卓玛才让

མི་འབོར་མང་ཤོས་ཀྱི་རྒྱལ་ཁབ། ཀྲུང་གོ

རྒྱལ་ཡོངས་སུ་མི་འབོར་དུང་ཕྱུར་13.95ལྷག་ཡོད་པ།

 ▽

ཆེས་ཕྱུག་ཤོས་ཀྱི་རྒྱལ་ཁབ། སུའེ་ཙེར།

མི་རེའི་ཆ་སྙོམས་རྒྱུ་ནོར་ཨ་སྒོར་ཁྲི་64.8ཟིན་པ།

རྒྱལ་དམངས་ཀྱི་ཚེ་ཚད་རིང་ཤོས་ཀྱི་རྒྱལ་ཁབ། ཨན་ཏོར།

ཡོ་རོབ་ལྷོ་ནུབ་རྒྱུད་དུ་ཡོད་པ་དང་།

ཆ་སྙོམས་ཚེ་ཚད་ལོ་83.51ཡིན་པ།

རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ། ཨུ་རུ་སུ།

སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ་17,075,200 ལྷག་ཡོད།

རྒྱ་ཁྱོན་ཆུང་ཤོས་ཀྱི་རྒྱལ་ཁབ། ཝ་ཐི་ཁན།

སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ་ 0.44ལས་མེད།

རྒྱལ་དམངས་ཚེ་ཚད་ཐུང་ཤོས་ཀྱི་རྒྱལ་ཁབ། སེ་ཝི་ཧྲེ་ལན།

ཨ་ཧྥི་རི་ཁའི་ཤར་ལྷོའི་རྒྱུད་དུ་གནས་ཡོད་པ་དང་།

ཆ་སྙོམས་ཚེ་ཚད་ལོ་33.32ལས་མེད།

དབང་པོ་སྐྱོན་ཅན་མང་ཤོས་ཀྱི་རྒྱལ་ཁབ།  ཨན་ཀོ་ལ།

ཨ་ཧྥི་རི་ཁའི་ལྷོ་ནུབ་རྒྱུད་དུ་གནས་ཡོད་པ་དང་།

ཆ་སྙོམས་མི་400ནང་དུ་དབང་པོ་སྐྱོན་ཅན་གཅིག་ཡོད་པ།

མཁར་སྙེག་ཐོག་ཁང་མང་ཤོས་ཀྱི་གྲོང་ཁྱེར། ཀྲུང་གོའི་ཤང་ཀང་།

སྨི་150ལས་བརྒལ་བའི་མཁར་ཟུག་ཐོག་ཁང་500ཡོད་པ།

ཆེས་མཐོ་ཤོས་ཀྱི་མཁར། ཧ་ལི་ཧྥ་མཆོད་རྟེན།

དེ་སྔའི་མིང་ལ་ཏུ་པིར་མཆོད་རྟེན་ཞེས་ཟེར།

གནམ་སྐུད་ཚུད་པའི་མཐོ་ཚད་ལ་སྨི་828ཡོད་པ།

ཟམ་པ་རིང་ཤོས།

པེ་ཅིང་ནས་ཧྲང་ཧའེ་བར་གྱི།

མྱུར་བགྲོད་ལྕཊ་ལམ་གྱི་ཏན་ཁུན་ཐེ་ཟམ་ཆེན།

སྤྱིའི་རིང་ཚད་ལ་སྤྱི་ལེ་164.5ཡོད་པ།

མཚོ་འཕགས་མཐོ་ཤོས་ཀྱི་ལྕགས་ལམ། མཚོ་བོད་ལྕགས་ལམ།

མཐོ་ཤོས་ཀྱི་མཚོ་འཕགས་སྨི་5072ཟིན་པ།

གནམ་ཐང་ཆེ་ཤོས། པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་།

སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་ཁྲི་98.6

ལྷོ་ནས་བྱང་བར་གྱི་རིང་ཚད་ལ་སྨི་2900ཡོད་པ།

ད་ཡོད་ཀྱི་ཕོ་བྲང་ཆེ་ཤོས། མིང་ཆིང་ཕོ་བྲང་རྙིང་པ།

ཀྲུང་གོའི་པེ་ཅིང་དུ་གནས་ཡོད།

རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་ཁྲི་72ཟིན།

རྡོ་བརྐོས་སྐུ་མཐོ་ཤོས། ལེ་ཧྲན་བྱམས་ཆེན།

ཀྲུང་གོའི་སི་ཁྲོན་དུ་གནས།

མཐོ་ཚད་ལ་སྨི་71ཡོད།

གཏོར་གཟུཊ་མཆོད་རྟེན་མཐོ་ཤོས།

ཧུ་ཧྥུ་གཏོར་གཟུགས་མཆོད་རྟེན།

ད་ལྟའི་མཐོ་ཚད་ལ་སྨི་138.8ཡོད་པ་དང་།

བོངས་ཚད་ལ་སྨི་ངོས་གྲུ་མ་ཁྲི་230. 2ཡོད་པ།

ས་ཆ་ཟིན་ཚད་སྨི་ངོས་གྲུ་མ་ཁྲི་5.29ཟིན་པ།

གཏིང་རིང་ཤོས་ཀྱི་རྒྱ་མཚོ།  མུ་ཏིག་རྒྱ་མཚོ།

ཞི་བདེ་རྒྱ་མཚོ་ཆེན་མོར་གནས་པ་དང་།

ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི་2243ཟིན།

ཆུ་བོ་རིང་ཤོས། ཉི་ལོ་ཆུ་བོ།

ཨ་ཧྥི་རི་ཁའི་བྱང་ཤར་རྒྱུད་དུ་གནས།

རིང་ཚད་ལ་སྟོང་སྨི་6671ཡོད།

མཚེའུ་ཆེ་ཤོས། ལི་ཧའེ་མཚོ།

ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ཁོངས་སུ་གནས།

རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ386,400ཡོད།

གླིང་ཕྲན་ཆེ་ཤོས། ཀེ་ལི་ལན་གླིང་ཕྲན།

རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ་386,400ཡོད།

རི་བོ་མཐོ་ཤོས། ཇོ་མོ་གླང་མ།

ཀྲུང་གོའི་བོད་ལྗོངས་སུ་གནས།

མཚོ་འཕགས་སྨི་8844.43ཡོད་པ།

མཐོ་སྒང་མཐོ་ཤོས། མཚོ་བོད་མཐོ་སྒང་།

ཀྲུང་གོར་གནས།

ཆ་སྙོམས་མཚོ་འཕགས་ལ་སྨི་5000ཡོད་པ།

གཤོང་ས་དམའ་ཤོས། ཐུ་ལུ་ཧྥན་གཤོང་ས།

ཀྲུང་གོར་གནས།

ཆེས་དམའ་སར་ཀླད་ཀོར་འོག་གི་སྨི་154ཡོད།

འབབ་ཁྱད་ཆེ་ཤོས་ཀྱི་རྦབ་ཆུ། ཨན་ཧེར་རྦབ་ཆུ།

མིང་གཞན་ལ་ལྷ་ཡི་ཕོ་ཉའི་རྦབ་ཆུ་ཞེས་ཟེར།

ཝེ་ནེ་ཙུའེ་ལར་གནས་ཡོད་པ་དང་།

མཐོ་ཚད་ལ་སྨི་979.6ཡོད་པ།

བྱེ་ཐང་ཆེ་ཤོས། ས་ཧ་ལ་བྱེ་ཐང་།

ཨ་ཧྥི་རི་ཁར་གནས།

རྒྱ་ཁྱོན་ལ་སྟོང་སྨི་གྲུ་ཞི་མ་9,065,000ཡོད།

འཛམ་གླིང་ཐོག་གནམ་གཤིས་ཚ་ཤོས་ཀྱི་ས་ཆ། པ་ཧྲི་ལ།

དབྱི་རག་ཏུ་གནས་ཡོད་པ་དང་།

སྤྱི་ལོ་1991ལོའི་ཟླ་7ཚེས་8ཉིན།

དྲོད་ཚད་ཏུའུ་58.8ཟིན་པ།

འཛམ་གླིང་ཐོག་ས་ཆ་གྲང་ཤོས།

ཤར་ཕྱོགས་ས་ཚིགས།

བྱང་སྣེའི་ཉེ་འགྲམ་དུ་གནས།

སྤྱི་ལོ་1983ལོའི་ཟླ་7ཚེས་21ཉིན།

དྲོད་ཚད་ཀླད་ཀོར་འོག་གི་89.2℃ཟིན་པ‘

སྐམ་ཤས་ཆེ་ཤོས་ཀྱི་ས་ཆ།

ཨ་ཐ་ཁ་མ་བྱེ་ཐང་།

མེ་གླིང་ལྷོ་མར་གནས།

ལོ་91བསྟུད་མར་ཆར་པ་བབ་མེད།

འཛམ་གླིང་ཐོག་རི་བོང་ཆེ་ཤོས།

ཏ་ལེའུ་ཧྲི་རི་བོང་།

གཟུཊ་པོའི་རིང་ཚད་ལ་སྨི་1.22དང་།

ལྗིད་ཚད་ལ་རྒྱ་མ་45ཡོད་པ།

ཉིན་རེར་ལ་ཕུག་12ཟ་ཐུབ་ཀྱི་ཡོད།

འཛམ་གླིང་ཐོག་བྱི་ལ་ཆེ་ཤོས། མི་ཁེ།

རིང་ཚད་ལ་སྨི་1.23ཡོད།

སྦལ་པ་ཆེ་ཤོས། ཅུད་ཞེ་སྦལ་པ།

རིང་ཚད་ཆེ་ཤོས་ལ་སྨི་33དང་།

ལྗིད་ཚད་ལ་སྤྱི་རྒྱ་3ཟིན།

འཛམ་གླིང་ཐོག་གི་རུས་སྦལ་ཆེ་ཤོས།

ཅ་ལ་ཕ་ཀེའི་རུས་སྦལ།

ལྗིད་ཚད་ལ་སྟོང་ཁེ་320ཟིན།

ལྕང་སྡོང་ཆེ་ཤོས།

ཤེར་མན་དམག་དཔོན་ལྕང་སྡོང་།

བོངས་ཚད་ལ་སྨི་ངོས་གྲུ་མ་1489ཟིན།

ལྗིད་ཚད་ལ་ཏུན་3000ཟིན་ཡོད།

མེ་ཏོག་ཆེ་ཤོས། རྒྱལ་ཆེན་མེ་ཏོག

ལྗིད་ཚད་ལ་སྤྱི་རྒྱ་11ཡོད།

གོང་ཚད་མཐོ་ཤོས་ཀྱི་སྒྱུ་རྩལ་བརྩམས་ཆོས།

ཏ་ཧྥེན་ཆིའི་༼མགོན་སྐྱབས་༽ཞེས་པ་དེ་ཡིན།

སྤྱི་ལོ་2017ལོའི་ཟླ་11ཚེས་15ཉིན།

ཉིའུ་ཡོག་ཏུ་ཧབ་ཚོང་བྱེད་སྐབས།

ཨ་སྒོར་དུང་ཕྱུར་4.5ཡི་ཐོག་ནས་ཚོང་འགྲིག

འཛམ་གླིང་ཐོག་གི་དམག་དོན་བསྟན་བཅོས་སྔ་ཤོས།

སུན་ཙེའི་དམག་གི་བསྟན་བཅོས།

ད་བར་དུ་ལོ་ངོ་2500ཡི་ལོ་རྒྱུས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有