ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཐད་གཏོང་ལ་མགོ་གཡེང་པའི་དྲ་གྲོགས་ཚོས་འདིར་གཟིགས་རོགས།

2019-10-11 17:16:00     责编:卓玛才让

ཐད་གཏོང་མཁན42ཀྱི་ཐད་གཏོང་ཁྲོད་ཆགས་སྲེད་དང་རྒྱན་འགྱེད་དྲིལ་བསྒྲགས་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་ལྡན་པས་ལོ5ཡི་ནང་ཐད་གཏོང་བྱ་རྒྱུ་བཀག་འགོག་བྱས།

    ཟླ10བའི་ཚེས8ཉིན། ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་དྲ་རྒྱའི་འཁྲབ་སྟོན(ཐད་གཏོང)ཡན་ལག་ཚོགས་པས་ཁག་བཞི་བའི་ཐད་གཏོང་མཁན་གྱི་མིང་ཐོ་ནག་པོ་ཡོངས་བསྒྲགས་བྱས་ཤིང་། “ཝང་ཀྲུག་གོས་ལེ་ཧྥང་བེས་ཝང”དང“ཀོང་ཀྲོའུ་ལེང་ཧྲོ”སོགས་ཐད་གཏོང་མཁན42ཀྱི་ཐད་གཏོང་ཁྲོད་ཆགས་སྲེད་དང་རྒྱན་འགྱེད་དྲིལ་བསྒྲགས་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་ལྡན་པས་མིང་ཐོ་ནག་པོའི་ནང་བཅུག་ནས་ལོ5ཡི་ནང་ཐད་གཏོང་ལས་རིགས་ནང་ཐོ་འགོད་དང་ཐད་གཏོང་བྱ་རྒྱུ་བཀག་འགོག་བྱས།

   《དྲ་རྒྱའི་འཁྲབ་སྟོན(ཐད་གཏོང)ལས་རིགས་ཀྱི“མིང་ཐོ་ནག་པོའི”དོ་དམ་ལམ་ལུགས(2019ལོའི་བཟོ་བཅོས་པར་མ)》གཞིར་བཟུང་ནས་ཡན་ལག་ཚོགས་པས་ཁག་བཞི་བའི་ཐད་གཏོང་མཁན་གྱི་མིང་ཐོ་ནག་པོ་ཁྱབ་བསྒྲགས་བྱས་པ་དང་མིང་ཐོ་ནག་པོའི་ནང་བཅུག་པའི་ཐད་གཏོང་མཁན་གྱིས་ཐད་གཏོང་ལས་རིགས་ནང་ཐོ་འགོད་དང་ཐད་གཏོང་བྱེད་མི་ཆོག་པ་དང་བཀག་སྡོམ་དུས་ཡུན་ལོ་ལྔ་ཡིན་པ་རེད། མིང་ཐོ་ནག་པོའི་ཐོག་མངོན་པར། ཉེ་ལམ་ཐད་གཏོང་མཁན་ཁག་གཅིག་གིས་ཐད་གཏོང་བརྒྱུད་རིམ་ནང་ཆགས་སྲེད་དྲིལ་བསྒྲགས་དང་རྒྱན་འགྱེད་དྲིལ་བསྒྲགས་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་སྤེལ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལས་འགལ་ཏེ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་པ་དང་ལས་རིགས་ཀྱི་སྣང་བརྙན་ལ་གནོད་འཚེ་བཏང་བ་རེད། 

ཡོང་ཁུངས། ཨ་མདོ་སྨྱན་གསར།

中央广播电视总台 央广网 版权所有