ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶འཕྲིན་ཕྲན་སྟེང་སྒོར་མོ་བསྐུར་མཁན་ཚོས་འདིར་གཟབ་རོགས།

2019-09-25 18:51:00     来源:ཨ་མདོ་སྨྱན་གསར།     责编:娜科

 

 

 

 

དངུལ་ཁུངས་སྤོ་སྒྱུར་གྱི“གཡོ་འཕྲུལ”

 

  ཉིན་ཤས་གོང་གསར་འགྱུར་ཞིག་ཏུ་མི་ཞིག་གིས་དྲ་ཐོག་ནས་ཉོ་སྒྲུབ་བྱས་ཏེ་དངུལ་ཁུངས་སྤོ་སྒྱུར་བྱས་པ་དང་། ཕ་རོལ་པོས་དངུལ་རང་ཉིད་ལ་སྤྲད་པ་དངོས་སུ་མཐོང་ལ། རང་ཉིད་ཀྱིས་ཀྱང་དངོས་སུ་མནན་ཏེ་ལེན་གྲབས་བྱས། འོན་ཀྱང་དུས་ཚོད་གཉིས་ནང་འབྱོར་ངེས་ཞེས་པའི་བརྡ་འཕྲིན་དེས་རེ་ཞིག་བསྒུག་ཏུ་བཅུག ཡིན་ཡང་མཐར་དངུལ་དེ་རང་གི་སྒོར་ཁུག་ཏུ་བཅུག་ཐབས་མ་བྱུང་བའི་གནས་ཚུལ་འདུག 

འཕྲིན་ཕྲན་སྟེང་དངུལ་ཁུངས་སྤོ་སྒྱུར་བྱས་རྗེས་ཕྱིར་འཐེན་ཆོག་གམ། ཆོག གལ་ཏེ་སྐད་འཕྲིན་ནང་གི་དངུལ་གཏོང་སྤྲོད་སྒྲིག་འགོད་ཀྱི་དངུལ་ཁུངས་སྤོ་སྒྱུར་གྱི་དུས་ཚོད་འགོར་འགྱངས་སྟེང་བཞག་ཡོད་ན། དེའི་རིང་རྩིས་ཐོ་ཕྱིར་འཐེན་བྱས་ཆོག་པ་རེད།

 

 

གོ་རིམ་དང་པོ། འཕྲིན་ཕྲན་གྱི་མ་ལག་སྟེང་གནོན་པ→གཡས་ཕྱོགས་ཀྱི་འོག་ཏུ་ཡོད་པའི“ང”ཞེས་པའི་སྟེང་གནོན་པ→“དངུལ་གཏོང་སྤྲོད”སྟེང་གནོན་པ།

 

 

གོ་རིམ་གཉིས་པ། དངུལ་གཏོང་སྤྲོད་ནང་སོང་ནས→གོང་གི“སྒོར་ཁུག”ཞེས་པའི་སྟེང་གནོན་པ→དེའི་ནང་སོང་སྟེ་གཡས་ཕྱོགས་ཀྱི་གོང་ན་ཡོད་པའི“རྩིས་ཐོ”འི་སྟེང་གནོན་པ།

 

 

གོ་རིམ་གསུམ་པ། དེ་རྗེས་ཉེ་ལམ་འཕྲིན་ཕྲན་སྟེང་དངུལ་གཏོང་སྤྲོད་བྱས་པའི་རྩིས་ཐོ་ཁ་ཚང་ཤར་ཡོང་། ཕྱིར་འཐེན་བྱ་འདོད་པའི་དངུལ“རྩིས་ཐོར་འཇུག་གིན་པ ”ཞེས་པའི་རྣམ་གྲངས་དེའི་སྟེང་མནན་ན། འོག་ཏུ་ཡོད་པའི“ཞུ་གཏུག”ཞེས་པའི་གདམ་ག་ཤར་ཡོང་ལ་དེའི་སྟེང་ནས་གནོན་པ།

 

 

གོ་རིམ་བཞི་བ། ཞུ་གཏུག་གི་འཆར་ངོས་སུ་ཐོན་རྗེས། དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་ཞུ་གཏུག་གི་རྣམ་པ་མི་འདྲ་བ་འདེམ་ཆོག

 

 

གོ་རིམ་ལྔ་བ། འབྲེལ་ཡོད་ཀྱི་ཞུ་གཏུག་རྒྱུ་རྐྱེན་བྲིས་ཏེ། དངུལ་ཁུངས་སྤོ་སྒྱུར་བྱས་པའི་རྩིས་ཐོར་པར་བརྒྱབ་ནས་བདེན་དཔང་བྱས་རྗེས། སྤྲོད་པ་ཞེས་པའི་སྟེང་གནོན་པ་དང་།  འཕྲིན་ཕྲན་གྱི་རྒྱབ་སྟེགས་ནས་གོ་རིམ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། གལ་ཏེ་ཞུ་གཏུག་གི་ཆ་འཕྲིན་དོན་དངོས་དང་མཐུན་ཚེ་སྤོ་སྒྱུར་བྱས་པའི་དངུལ་ཁོངས་ཕྱིར་འཐེན་ཐུབ་པ་ཞིག་ཡིན།

 

སྐད་འཕྲིན་གྱི་དངུལ་ཁུངས་སྤོ་སྒྱུར་འགོར་འགྱང་བྱེད་པའི་སྒྲིག་བཀོད།

 

དྲ་ཐོག་ནས་དངུལ་གཏོང་སྤྲོད་བྱེད་པའི་རྩིས་ཐོའི་བྱེད་ནུས་ལ་འགོར་འགྱངས་གཏོང་བ་ནི་ཉོ་ཚོང་ཕྱོགས་གཉིས་ལ་དུས་ཚོད་སྟེང་ནས་ལྷོད་གཡེང་བྱས་ཏེ་འཇབ་རྒོལ་བྱེད་པའི་བྱེད་ཐབས་ཤིག་ཡིན་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་མགོ་སྐོར་གཏོང་གིན་ཡོད་པ་མྱུར་བར་ཚོར་མི་ཐུབ་པ་བྱ་ཐུབ།

 

དངུལ་དུས་ལྟར་ཐོན་པར་འགོར་འགྱངས་བྱས་ན་མགོ་སྐོར་བྱེད་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་མོད། འོན་ཀྱང་གཟབ་གཟབ་མ་བྱས་ན་མགོ་སྐོར་གཏོང་མཁན་གྱིས་གོ་སྐབས་འཚོལ་ཐུབ་ཀྱིན་ཡོད། གལ་ཏེ་རྩིས་སྒྱུར་རྒྱུན་ལྡན་མིན་པ་ཤེས་ཚེ་འཕྲལ་དུ་ཉེན་བརྡ་གཏོང་དགོས། 


 

 

མགོ་སྐོར་བཏང་ཟིན་པ་ཡིན་ན་འདི་ལྟར་སྒྲུབས།

 

གལ་ཏེ་སེམས་ཆུང་མ་བྱས་པར་རྒྱུ་ནོར་ལ་མགོ་སྐོར་ཐེབས་ན་གཤམ་གྱི་བྱེད་སྟངས་ལྟར་བདའ་འདེད་བྱས་ཆོག

 

གོ་རིམ་དང་པོ། འཕྲིན་ཕྲན་གཙོ་ངོས་གཡས་ཕྱོགས་ཀྱི་གོང་གི་བཤེར་འཚོལ་ཞེས་པའི་སྟེང་མནན་ནས། དེའི་ནང“ཐུན་ཞོན110”བརྒྱབ་ནས་ཞིབ་འཚོལ་བྱ་དགོས།

 

 

གོ་རིམ་གཉིས་པ། ཐུན་ཞོན110གྱི་བྱ་རིམ་ཆུང་བ་དེ་རྙེད་རྗེས། “ངས་ཐེར་འདོན་གོང་ཞུ་བྱ་རྒྱུ”ཞེས་པའི་སྟེང་གནོན་པ།

 

 

གོ་རིམ་གསུམ་པ། རིགས་མི་འདྲ་བར་གཞིགས་ནས་རྩིས་ཐོའི་ཨང་གྲངས་ལ་ཐེར་འདོན་བྱས་ཏེ་མགོ་སྐོར་ཐེབས་པའི་ཆ་འཕྲིན་ཞིབ་ཕྲ་བྲིས་ནས་སྤྲོད་དགོས། དེ་ནས་ཞིབ་བཤེར་བྱས་ན་གཡོ་ལེན་བྱས་པའི་རྒྱུ་ནོར་ཕྱིར་ལེན་པར་རོགས་རམ་བྱ་ཐུབ།

 

རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།

中央广播电视总台 央广网 版权所有