དཀར་ཟས་ཀྱི་དགེ་མཚན་ཆེན་པོ་བདུན།
སྤེལ་བའི་དུས་ཚོད། : 2019-04-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅིག སྙིང་ཁམས་ལེགས་པོ་ཞིག་ཡོད་པ།

ཤིང་ཏོག་དང་སྔོ་ཚལ་ནི་དབྱང་འགོག་བཅུད་རྩི་ཤ་སྟག་ཡིན་པས་སྙིང་ཁམས་དང་འཕར་རྩ་ཆེ་བ་སྲུང་ཞིང་། དེ་དག་གི་ནང་བཞུ་མཐའ་དང་ཞག་རྩིའམ་མཁྲིས་རྒྱུ་གཤེར་རྩི་སོགས་མི་འདུས་ཕྱིར། དཀར་ཟས་པའི་མཁྲིས་རྒྱུ་གཤེར་རྩིའི་བྱུང་ཚད་དམར་ཟས་པ་ལས་བརྒྱ་ཆའི་བཅུ་བཞི་ཡིས་དམའ་བ་དང་། ཨ་རི་བའི་བཟའ་བཏུང་ཁྲོད་ཞག་རྩི་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩིའི་དམར་ཟས་དང་འོ་ཟས་མང་ལ། དེ་བས་སྙིང་ཁམས་ཁྲག་རྩའི་ནད་ནི་ཨ་རི་རྒྱལ་ཁབ་ཀྱི་ལག་དམར་ཆེ་ཤོས་དེ་ཆགས་ཡོད་དོ། །

གཉིས། དུག་རྒྱུ་དང་ཡོངས་སུ་བྲལ་ནས་ལུས་ཕུང་གཙང་དག་ཆེན་པོ་བཟོ་བ།

ང་ཚོའི་བཟའ་བཏུང་ཁྲོད་བརྒྱ་ཆའི་གོ་ལྔའི་ཞིང་སྨན་གྱི་སྙིགས་རོ་ནི་ཤ་ཡི་རིགས་དང་ཉ་རིགས། འོ་མའི་རིགས་བཅས་ནས་ཐོན་པ་ཡིན་ཞིང་། ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཚོད་དཔག་ལྟར་ན། ཉ་རིགས་ལ་ལྷག་པར་སྐྲན་བཟོ་བའིDDTལྕགས་ལྗིད་མོའི་རིགས་འདུས་པ་དང་། རྫས་དངོས་འདིའི་རིགས་རླངས་བཙོས་དང་འཁྱག་བཟོ་བྱས་པས་དུག་སེལ་ཐབས་བྲལ། འོན་ཀྱང་ཤིང་ཏོག་དང་སྔོ་ཚལ་གྱི་ཁུ་བའི་ནང་རང་བྱུང་གི་སྐྱེ་དངོས་རྫས་འགྱུར་དངོས་རྫས་ཚུད་པས་ང་ཚོའི་དུག་འདོན་པར་རོགས་བྱེད་ཐུབ་བོ།། ཤ་ཡི་རིགས་སྤང་བས་ནང་ཁྲོལ་མ་ལག་གི་ཚད་ལས་བརྒལ་བའི་ཐེག་ཚད་ཀྱིས་བཟོས་པའི་དུག་རྒྱུ་སེལ་བའོ།།

གསུམ། ཚེ་ཐག་རིང་བ།

ལཱོ་མོའོ་ལེན་སློབ་ཆེན(Loma Linda University)གྱིས་དཀར་ཟས་རིང་ལུགས་པར་ལོ་བདུན་གྱི་ཞིབ་འཇུག་བྱས་པ་ལས་གསལ་བར། དཀར་ཟས་རིང་ལུགས་པ་དམར་ཟས་པ་ལས་ལོ་བཅོ་ལྔའི་ཚེ་རིང་ལ། ཞིབ་འཇུག་འདི་དག་ལ་ཀྲུང་གོའི་བདེ་ཐང་བཟོ་སྐྲུན ༼ མི་གྲངས་འབོར་ཆེན་གྱི་བཟའ་བཏུང་དང་བདེ་ཐང་ཞིབ་འཇུག་གི་སྐོར ༽ གྱིས་སྔར་ལས་ལྷག་པར་ར་སྤྲོད་བྱས་ཡོད། ང་ཚོས་ཤེས་གསལ་ལྟར། ཀྲུང་གོའི་མིས་ཞག་རྩི་མཐོ་བའི་རིགས་དང་དམར་ཟས་སྤྱོད་པ་ཧ་ཅང་ཉུང་པས། འབྲས་སྐྲན་དང་སྙིང་ཁམས་ནད་སོགས་བྱུང་བའི་ཉེན་ཁ་ཆུང་། དཀར་ཟས་པའི་བཟའ་བཏུང་དེ་ཨ་རི་བའི་ཚད་ལྡན་བཟའ་བཏུང་གི་དྲོད་ཚད་ལས་ཧ་ཅང་དམའ་བར་ཡོད་ལ། དཀར་ཟས་པར་ལུས་ཀྱི་ལྕི་ཚད་ལ་འབྲེལ་བའི་དབང་བོ་གསོ་བཅུད་མི་ལེགས་པའི་ནད་གཞིའི་རིགས་ཏེ། དཔེར་ན་སྙིང་ཁམས་ཀྱི་ནད་དང་། གཟའ་གྲིབ་ནད། གཅིན་པ་མངར་འགྱུར་གྱི་ནད་སོགས་འབྱུང་མི་སྲིད་དོ། །

བཞི། ཁྱོད་རང་སྔར་ལས་ཆ་སྙོམས་པོར་འགྱུར་ངེས།

སྔོ་ཚལ་ནི་ཤིང་རྫས(纤维素)ཀྱི་རྩ་བའི་འབྱུང་ཁུངས་ཡིན་ལ། དེས་ཟོག་རོ་ལུས་ཕུང་གི་ཕྱི་རུ་འདོན་ཐུབ། དམར་ཟས་རིགས་ལ་ཤིང་རྫས་མི་འདྲེས་སོ།། ཧཱ་བོར་ཌི་སློབ་ཆེན་དང་པུ་ལེ་ཀིན་བུད་མེད་སྨན་ཁང་གཉིས་ནས་ཞིབ་འཇུག་གནང་བ་ལས་མངོན་པར། སྔོ་ཚལ་ཕུན་སུམ་ཚོགས་པ་མང་དུ་བཟས་པའི་མི་ལ་རྩ་ཆུ་འགག་ནད་དང་། གཞང་འབྲུམ། རྩ་འཁུམ་རང་བཞིན་རྩམ་ལོང་གི་ནད་སོགས་བྱུང་ཚད་རྒྱུན་པར་ལས་ཤིན་ཏུ་ཉུང་ངོ་། །

ལྔ། སྒོར་མོ་མི་ཉུང་བ་གྲོན་ཆུང་བྱེད་ཐུབ།

སྔོ་ཚལ་དང་ཤིང་ཏོག་གིས་ཤ་ཡི་རིགས་ཀྱི་ཚབ་བྱས་ན་ལོ་གཅིག་གི་འབྲུ་རིགས་ཀྱི་རྩིས་ཐོ་ལས་ཨ་སྒོར་བཞི་སྟོང་ལྷག་ཉུང་དུ་གཏོང་ཐུབ་ལ། ཉིད་ཀྱིས་ཟོག་རོ་དང་མཁའ་དབུགས་བཙོག་བཟོ་ཉུང་དུ་གཏོང་བར་རོགས་བྱེད་ཐུབ་པ་དང་། ཨ་རིའི་ཡོའུ་ཐཱ་མངའ་སྡེ་ཡི་ཞིང་རར་ལོ་རེར་ཕག་པ་ས་ཡ་གཉིས་དང་ལྔ་འབུམ་གསོ་བཞིན་ཡོད་པ་ལས་བྱུང་བའི་ཟོག་རོ་དེ་ལོ་ཧྲིན་ཅི་གྲོང་ཁྱེར་ཡོངས་ཀྱི་སྙིགས་རོ་ལས་མང་བ་ཡོད། འདི་ནི་དེ་དག་གི་ཁྲོད་ཀྱི་ཞིང་ར་གཅིག་ཡིན་ནོ།། ལོ་རེར་རྒྱལ་ཡོངས་ཀྱི་ཞིང་རར་སྨར་ལུད་ཏུན་དུང་ཕྱུར་ཉི་ཤུ་ཐོན་སྐྱེད་བྱེད་བཞིན་ཡོད་པས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག(EPA)གིས་འདི་ནི་ཐོག་མའི་ཨང་རིམ་བཅུའི་ནང་ཚུད་པའི་བཙོག་བཟོའི་དངོས་པོར་ངོས་འཛིན་གྱི་ཡོད་དོ། །

དྲུག འདི་ནི་བྱེད་ཐབས་ཡང་དག་ཡིན།

ཨེན་སི་ཐན་གྱིས་གསུངས་པ་ལྟར། ང་ཚོའི་འོས་འགན་ནི་རང་ཉིད་བཅིངས་པ་ལས་གྲོལ་རྒྱུ་དེ་ཡིན་ལ། འདི་ལ་ང་ཚོས་སྙིང་རྗེའི་ཡུལ་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་ཤིང་། ཚེ་སྲོག་ཡོད་དོ་ཅོག་ལ་བཟོད་པ་བསྒོམས་ནས་མཛེས་སྡུག་གི་རང་བྱུང་ཁམས་གཅེས་པར་འཛིན་དགོས་ལ། མིའི་རིགས་ཀྱི་བདེ་ཐང་ལ་ཕན་པ་དང་སའི་གོ་ལའི་སྟེང་འཚོ་ཐབས་སུ་དཀར་ཟས་ལས་ལྷག་པ་ཞིག་དཀོན་ནོ།། ཁྱེད་ཀྱིས་ཨ་རི་བའི་ལྟོ་བའི་ཆེད་སྲོག་ཆགས་བྱེ་བ་གཉིས་དང་ས་ཡ་གཉིས་ཀྱི་སྲོག་གཅོད་ཀྱིན་ཡོད་པ་ཤེས་སམ། བདེ་ཐང་གི་བཟའ་བཏུང་ཆེད་ཚེ་སྲོག་གང་ཡང་མ་འཕྲོག་པ་ཡིན་ན་དེ་ནི་ཅི་འདྲའི་རླབས་ཆེན་གྱི་བརྩེ་སེམས་ཤིག་རེད་ཨང་།

བདུན། དེ་ལས་ཀྱང་ནུས་ཁུངས་གྲོན་ཆུང་བྱེད་པ།

མིག་སྔར་ཨ་རིའི་འབྲུ་རིགས་ཀྱི་བརྒྱ་ཆའི་དོན་གཉིས་ཀྱིས་བཤའ་ཟོག་གསོ་བཞིན་ཡོད་ཅིང་། ཤ་སྤྱི་རྒྱ0.45359237ཐོབ་པར་གསོ་ཆས་སྤྱི་རྒྱ6.80388555ལྷག་ཙམ་དགོས། གལ་ཏེ་མིས་ཐད་ཀར་འབྲུ་རིགས་དེ་ལོངས་སུ་སྤྱད་ན་གོ་ལ་ཧྲིལ་བོའི་མིའི་ཁ་ཟས་སུ་འདང་ངེས་སོ། །

རྩོམ་ཁུངས། བོད་ཁུལ་ཁྱད་ཐོན་རིག་གནས་འཕྲིན་སྟེགས།