ཉིན་རེར་རྐང་རྒྱུག་བྱས་ན་ལུས་པོར་འགྱུར་ལྡོག་གང་དག་ཡོད་དམ།
སྤེལ་བའི་དུས་ཚོད། : 2019-03-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  འཚོ་བའི་ཁྲོད་མི་མང་ཆེ་བར་རྒྱུན་པར་ལུས་རྩལ་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཆགས་ཡོད། རྐང་རྒྱུག་བྱེད་པར་དགའ་བའི་མི་ཞིག་ལ་མཚོན་ནས་བཤད་ན། རྐང་རྒྱུག་བྱེད་པའི་གོ་རིམ་ཁྲོད་ལུས་པོའི་ཤ་སྒྲིན་ཡོངས་ལ་སྦྱོང་བརྡར་གྱི་ནུས་པ་ཐོན་ནས་ལུས་པོའི་དབང་ནུས་ཇེ་བཟང་དུ་གཏོང་ཐུབ་ཀྱི་ཡོད། རྒྱུན་པར་རྐང་རྒྱུག་བྱེད་པར་རྒྱུན་འཁྱོངས་བྱས་ན་ལུས་པོའི་སྟེང་དུ་འགྱུར་ལྡོག་གང་དག་ཡོད་ཅེ་ན།

   གཅིག རྒས་འཁོགས་སུ་ཆགས་པ་འགོག་ཐུབ། ཚེ་སྲོག་ནི་འགུལ་སྐྱོད་ལས་བྱུང་བ་ཡིན་ཞེས་པ་ལྟར། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས། མིའི་ལུས་ཀྱི་དབང་ནུས་ཚང་མ་ཉམས་དམས་སུ་འགྲོ་བཞིན་ཡོད། གལ་ཏེ་རྒྱུན་པར་འདུག་ཡུན་རིང་བ་དང་བཙོག་ཡུན་རིང་ནས་འགུལ་སྐྱོད་མ་བྱས་ན། མི་ལ་ཚོ་གསོག་པའི་གནད་དོན་འབྱུང་སྲིད། གལ་ཏེ་རྒྱུན་པར་རྐང་རྒྱུག་སྦྱོང་བརྡར་བྱེད་པར་དགའ་མཁན་ཞིག་ཡིན་ན། ནད་རིགས་སྔོན་འགོག་བྱེད་ཐུབ་ཅིང་ལུས་པོ་ཇེ་བཟང་དུ་གཏོང་ཐུབ། རྒྱུན་པར་རྐང་རྒྱུག་བྱས་ན་ད་དུང་རྒས་འཁོགས་སུ་ཆགས་པའི་མགྱོགས་ཚད་ཇེ་དལ་དུ་གཏོང་ཐུབ་ཀྱི་ཡོད་པས། ཚེ་རིང་བོར་ལོན་པར་ཕན་ཐོགས་ཀྱི་ཡོད།

   གཉིས། སེམས་ཁམས་ཇེ་སྐྱིད་དུ་གཏོང་ཐུབ་པ། འཚོ་བའི་ཁྲོད་མི་མང་ཆེ་ཤོས་ཀྱི་གནོན་ཤུགས་ཧ་ཅང་ལྗིད། དུས་ཚོད་འགོར་དྲགས་ན་སེམས་ཁམས་རྒྱུན་ལྡན་མིན་པར་བཏང་ནས་རིམ་བཞིན་ལུས་པོའི་སྟེང་ལ་ཞོར་གྱི་གནོད་པ་ཐེབས་ཀྱི་ཡོད། རྒྱུན་པར་རྐང་རྒྱུག་བྱས་པ་ཡིན་ན། ལུས་པོ་ཇེ་བཟང་དུ་གཏོང་ཐུབ་པ་མ་ཟད། གནོན་ཤུགས་ཀྱང་ཇེ་ཆུང་དུ་གཏོང་ཐུབ་ལ། ད་དུང་སེམས་ཁམས་ཇེ་སྐྱིད་དུ་གཏོང་ཐུབ། རྐང་རྒྱུག་གི་ཞོར་དུ་ལམ་འགྲམ་ལ་མཛེས་ལྗོངས་སོགས་ཉམས་སུ་མྱང་བ་ཡིན་ན། སྐྱོ་སྣང་གི་སེམས་ཁམས་མང་པོ་ཞིག་བརྗེད་དུ་བཅུག་ཆོག

   གསུམ། སྐྱི་ལྤགས་ཇེ་ཡག་ཏུ་གཏོང་ཐུབ། རྒྱུན་པར་རྐང་རྒྱུག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་ཐུབ་ན། ད་དུང་ནུས་པ་ཐོན་པའི་སྒོ་ནས་སྐྱི་ལྤགས་ཇེ་བཟང་དུ་གཏོང་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་རྐང་རྒྱུག་བྱེད་པའི་སྐབས་སུ་རྔུལ་ཆུ་མང་པོ་ཐོན་སྲིད་པས་དེ་ལས་ལུས་པོའི་ནང་གི་དུག་རྒྱུ་དང་གད་སྙིགས་ཕྱིར་འབུད་བྱས་ནས་སྐྱི་ལྤགས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་གི་ཡོད་ལ། སྐྱིི་ལྤགས་ཀྱི་བདེ་ཐང་ལ་ཕན་པ་ཤིན་ཏུ་ཆེ་བར་བཤད། ལྷག་པར་དུ་ལས་ཀའི་གནོན་ཤུགས་ལྗིད་བ་དང་སྐྱི་ལྤགས་ཀྱི་གནས་ཚུལ་མི་ལེགས་པའི་མི་ལ་མཚོན་ནས་བཤད་ན། རྐང་རྒྱུག་བྱེད་པ་ཡང་སྐྱི་ལྤགས་ཇེ་བཟང་དུ་གཏོང་བའི་བྱེད་ཐབས་ཅིག་ཏུ་བརྩིས་ཆོག་པ་རེད།

  རྩོམ་སྒྲིག་པ། ཚེ་པེ།