སྐད་འཕྲིན་གྱིས་བྱེད་ནུས་གསར་པ་ཞིག་བཏོན་འདུག
སྤེལ་བའི་དུས་ཚོད། : 2019-03-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅིག་བྱས་ན་བརྡ་འཕྲིན་གང་དེའི་སྟེང་སྐར་ཆ2རིང་ལ་མནན་ཚེ། བྱེད་ནུས་འདིས་ཁྱོད་ལ་རོགས་རམ་བྱེད་ཐུབ།

དུས་རྒྱུན་གྱི་འཚོ་བའི་ཁྲོད་དོན་དག་མང་དྲགས་པས་བརྗེད་ངེས་ཆེ་བ་དང་། ཅུང་ཙམ་ནས་བསྒྲུབ་དགོས་པའི་བྱ་བ་བརྗེད་པར་དོགས་ཚེ་ཅི་བྱའམ།

དེ་རིང་ཁྱེད་ལ་སྐད་འཕྲིན་གྱི་སྤྱོད་ཐབས་འགའ་མཚམས་སྦྱོར་བྱ།

དང་པོ། སྐད་འཕྲིན་ཁ་བརྡའི་དོན་དག་གལ་ཆེན་གྱི་དྲན་སྐུལ་བྱེད་ནུས།

ང་ཚོས་བརྡ་འཕྲིན་སྟེང་ཡུད་ཙམ་མནན་ཏེ། དྲན་སྐུལ་ཞེས་པ་དེ་མནན་ན་ཆོག

དྲན་སྐུལ་དུས་ཚོད་གཏན་འབེབས་བྱས་རྗེས། སླར་ཡང་དྲན་སྐུལ་བཀོད་སྒྲིག་ཞེས་པ་མནན་པས་ཆོག

གཉིས་པ། དོན་དག་གལ་ཆེན་དྲན་སྐུལ་བྱེད་རྒྱུ་ཁ་སྣོན་རྒྱག་པ།

སྐད་འཕྲིན་གཤམ་གྱི་གཡས་ཟུར་དུ་རིམ་བཞིན་(我--收藏--“+”)ཞེས་པ་འདི་དག་གནོན་པ།

དེ་ནས་དོན་དག་གལ་ཆེན་དག་འདིར་བྲིས་རྗེས། ཡང་བསྐྱར་གོང་གི་གཡས་ཟུར་གྱི་རྟགས “…”འདི་གནོན་དགོས།

ཁ་བརྡའི་འཆར་ངོས་ཀྱི་སྟེང་ཕྱོགས་སུ་གཏན་འཁེལ་བྱེད་པ་བདམས་ཚེ་བརྡ་འཕྲིན་འདི་སྐད་འཕྲིན་ཁ་བརྡའི་འཆར་ངོས་སུ་མཐོང་ཐུབ།

ད་ནི་ལེགས་འགྲུབ་བྱུང་བ་ཡིན་པས་དོག་དག་གང་དེ་བརྗེད་འགྲོ་བར་སེམས་ཚེགས་བྱ་མི་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱལ་པོ།
ཡིག་སྒྱུར། རྟ་མགྲིན།