སྐུད་མེད་དྲ་བའི་བརྡ་འཕྲིན་ཇེ་ལེགས་སུ་གཏོང་བའི་ཐབས་འདི་ཡག
སྤེལ་བའི་དུས་ཚོད། : 2018-09-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཁྱིམ་གྱི་WiFiབརྡ་འཕྲིན་ལེགས་པོ་མེད་པའི་སྐབས་སུ། དྲ་རྒྱའི་བརྡ་འཕྲིན་སྐབས་རེར་མགྱོགས་ཤིང་སྐབས་རེར་དལ། ཐ་ན་སྐབས་རེར་རྩ་བ་ནས་ཆད་འགྲོ་ཡི་ཡོད། ཁྱེད་རང་ཡང་གནས་ཚུལ་དེ་འདྲར་འཕྲད་ཡོད་སྲིད། གཤམ་དུ་ཁྱེད་ལ་WiFiབརྡ་འཕྲིན་ཇེ་ལེགས་སུ་གཏོང་བའི་ཐབས་ཤིག་ངོ་སྤྲོད་བྱ།

སྦུ་རག་དང་བཏུང་བ་འཐུང་བའི་རྗེས་སུ་སྣོད་དེ་དག་གད་སྙིགས་སུ་འདོར་རྒྱུར་བྲེལ་བ་མ་ལངས། ཁྱེད་ཀྱིས་མཐེབ་འབྱེད་ལྕགས་ཀྲིན་དེར་འགྱུར་བ་ཅུང་ཟད་བཏང་ན་WiFiབརྡ་འཕྲིན་ཇེ་ལེགས་སུ་གཏོང་བའི་ཡོ་ཆས་སུ་འགྱུར་ཐུབ།

ཐོག་མར་ལྕགས་ཀྲིན་དེ་གོང་གི་འདྲ་པར་གྱི་དབྱིབས་ལྟར་དྲ་དགོས།

དྲས་ཟིན་པའི་ལྕགས་ཀྲིན་དེ་ལམ་སྟོན་ཆས་ཀྱི་སྟེང་དུ་བཞག་པ་ཡིན་ན། སྐུད་མེད་དྲ་བའི་བརྡ་འཕྲིན་ཇེ་ལེགས་སུ་གཏོང་ཐུབ།

གོང་གི་འགུལ་རིས་ལྟར། རང་གིས་བཟོས་པའི་ཡོ་བྱད་དེ་WiFiཡི་གནམ་སྐུད་ཐོག་བསྐོན་ཚེ། སྐུད་མེད་དྲ་བའི་བརྡ་འཕྲིན་ཇེ་ལེགས་སུ་གཏོང་ཐུབ་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།