@ཚང་མས་ལྟོས། ཁ་པར་བཀོལ་སྤྱོད་ཁྲོད་ངེས་པར་གཟབ་དགོས་པ་བདུན།
སྤེལ་བའི་དུས་ཚོད། : 2018-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཁ་པར་བཀོལ་སྤྱོད་ཁྲོད་ཀྱི་གོམས་གཤིས་ངན་པ7ངེས་པར་བསྒྱུར་དགོས། འདི་དག་མ་བསྒྱུར་ཚེ་མཇུག་འབྲས་་་་་་

སྒུལ་བདེ་དྲ་སྦྲེལ་གྱི་འཕེལ་རྒྱས་དང་བསྟུན་ནས་རིག་ནུས་ཁ་པར་གྱི་བྱེད་ནུས་ཀྱང་ཉིན་རེ་ལས་ཉིན་རེར་འཕེལ་བ་དང་། ང་ཚོས་ཀྱང་དེར་ངང་ངམ་ཤུགས་ཀྱིས་རྟེན་བཞིན་ཡོད་པ་རེད། ཡིན་ནའང་། ཁ་པར་བཀོལ་སྤྱོད་ཁྲོད་ཀྱི་གོམས་གཤིས་ངན་པས་ཁ་པར་བེད་སྤྱོད་བདེ་འཇགས་མིན་པའི་ཉེན་གནས་སུ་འཁྲིད།

གཅིག གསང་ཨང་མི་འཇོག་པ།

མི་མང་བོ་ཞིག་གིས་སྟབས་བདེ་ཡོང་ཆེད་ཁ་པར་གསང་ཨང་མི་འཇོག་པ། སྡོམ་རྩིས་ལྟར་ན། གསང་ཨང་མ་བཞག་ན་མི་སྒེར་གྱི་གནས་ཚུལ་བོར་རྐུ་ཡི་ཉེན་ཚད33%ཡིན་པར་བཤད། དེ་བས། གང་ནུས་ཀྱིས་ཁ་པར་ལ་གསང་ཨང་དང་རིས་བཀྲོལ་འཇོག་དགོས།

གསང་ཨང་འཇོག་སྟངས།

སྒྲིག་བཀོད→དེ་ལས་མང་བའི་སྒྲིག་བཀོད→བདེ་འཇགས→འཆར་ཤེལ་དམིགས་འཛིན།

རྒྱ་ཡིག་གི་སྒྲིག་བཀོད་གོ་རིམ་འདི་ལྟར། 手机设置方法:设置→更多设置→安全→屏幕锁定

གཉིས། ཨང་རྟགས་རིག་རིག་བཤེར།

གྲོགས་པོ་མང་བོ་ཞིག་གིས་རྩ་གཉིས་ཨང་རྟགས་རིག་རིག་ཅིག་བཤེར་ལ་དགའ། ཡིན་ཡང་། རྩ་གཉིས་ཨང་རྟགས་ལ་ལར་ནད་དུག་གབ་ཡོད་པས་དེའི་གཡོ་འོག་ཏུ་ཚུད་ན་ཁ་པར་གྱི་དངུལ་བྱང་དང་དངུལ་སྤྲོད་འབོ་སོགས་ཀྱི་གནས་ཚུལ་ཡོངས་བརྐུ་ངེས་ཡིན།

ཨང་རྟགས་མ་བཤེར་པའི་སྔོན་ལ་ངེས་པར་བདེ་འཇགས་མཉེན་ཆས་ཁྲོད་ཀྱི་བཤེར་ཨང་བྱེད་ནུས་བཀོལ་པ་དང་། བཤེར་བའི་ནང་འཇུག་ཡོང་ཁུངས་ལ་ངེས་པར་མཉམ་འཇོག་བྱ་དགོས།

གསུམ། wifi རིག་རིག་སྦྲེལ་བ།

སྲིད་ན་རིན་མེད་ཀྱི་བག་ཟས་མེད་པས་སྤྱི་སྤྱོདwifiཉེན་གནས་མང་། ཇག་མི་སྐོར་ཞིག་གིས་མི་རྣམས་དྲ་བར་རྟེན་དྲགས་པར་དམིགས་ནསwifiརྫུན་མ་སྒྲིག་བཀོལ་བྱེད་པ་དང་། གལ་ཏེ་དེའི་གཡོ་འོག་ཏུ་ཚུད་ཚེ་ཁྱེད་ཀྱི་གནས་ཚུལ་ཐམས་ཅད་བརྐུ་ཉེན་ཆེ། དེ་བས། སྤྱི་པའི་ཚོགས་རའི་གསང་ཨང་མེད་པའིwifiམི་སྦྲེལ་བར་ཞུ།

བཞི། འབྲེལ་མེད་ཀྱི་མཐུད་སྣེ་སྦྲེལ་བ།

འཕྲིན་ཐུང་སྤྱོད་པ་ཉུང་ནའང་འབྲེལ་མེད་ཀྱི་འཕྲིན་འབྱོར་སྲིད་པས་འཕྲིན་ཐུང་དེ་རིགས་ཀྱི་མཐུད་སྣེ་རུ་ནད་དུག་འདུས་པས་དེའི་རིགས་ལ་གང་ཚོད་ཀྱིས་མི་མནོན་པར་མྱུར་བར་བསུབ་པར་དགའ།

ལྔ། དུས་ངེས་མེད་དུ་ཁ་པར་ལ་གཙང་དག་བྱ་དགོས།

མཚམས་རེར་ཁ་པར་བེད་སྤྱོད་འགག་འགྲོ་བ་ནི་ཁྱེད་ཀྱིས་དུས་ཡུན་རིང་བོར་ཁ་པར་གྱི་ནང་སྙིང་ལ་གཙང་དག་མ་བྱས་པས་འཁོར་སྐྱོད་ལ་གནོད་པ་ཡིན། ཁ་པར་ཁྲོད་ཀྱི་མཉེན་ཆས་དོ་བདག་ལས་ཁ་པར་གཙང་སེལ་གྱིས་གཙང་སེལ་བྱ་དགོས།

དྲུག སྒེར་གྱི་རྒྱུ་ཆ་གྲབས་ཉར་མེད་པ།

གྲོགས་པོ་ལ་ལ་ཞིག་གིས་མི་སྒེར་གྱི་འབྲེལ་མི་དང་འདྲ་པར་སོགས་གྲབས་ཉར་མེད་པར་ཁ་པར་གྱི་མ་ལག་རིམ་འཕར་སོགས་ཀྱི་གནས་ཚུལ་བྱུང་ན་རྒྱུ་ཆ་ཐམས་ཅད་བོར་ཏེ་མི་རྙེད་པས། ངེས་པར་གྲབས་ཉར་བྱ་དགོས།

བདུན། ཁ་པར་གྱི་གློག་ཚར་ན་ད་གཟོག་གློག་གསོག་པ།

མི་མང་བོ་ཞིག་གིས་ཁ་པར་གློག་ཚར་བརྡ་གཏོང་འབྱོར་བའམ་ཁ་པར་རང་འགུལ་གྱིས་སྒོ་གཏན་ཚེ་ད་གཟོག་གློག་གསོག་པ། དུས་ཡུན་རིང་བོར་དེ་ལྟར་ན་ཁ་པར་སྤྱོད་ཡུན་ལ་གནོད་པ་ཐེབས་པས་གློག20%ནང་ཚུན་ཡིན་དུས་གློག་གསོག་ན་བཟང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།