ཉིན་ལྟར་ལུས་སྦྱོང་འདི་ལྟར་སྐར་མ་7བྱས་ན་ལུས་པོ་སྐམ་དུ་འགྲོ་ངེས།
སྤེལ་བའི་དུས་ཚོད། : 2018-08-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དེང་དུས། མི་མང་ཆེ་བས་ལུས་སྦྱོང་ལ་མཐོང་ཆེན་པོ་བྱེད་པ་དང་། ལུས་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། འོན་ཀྱང་མི་འགའ་ཤས་ཀྱིས་ལས་ཀ་བྲེལ་བ་ཚ་པོ་འདུག་པས་ལུས་སྦྱོང་བྱེད་ཁོམ་མི་འདུག་ཅེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་ལུས་སྦྱོང་བྱེད་པའི་དུས་ཡུན་རིང་ཐུང་གཙོ་བོ་མིན་ཏེ། ཚན་རིག་དང་མཐུན་པའི་ངང་ལུས་སྦྱོང་ངེས་ཅན་བྱས་ན་ཕན་འབྲས་མངོན་གསལ་དོད་པོ་ཐོན་སྲིད། ཨ་རིའི་ལུས་སྦྱོང་གསོ་རིག་སློབ་ཚོགས་ཀྱིས་འོས་སྦྱོར་བྱས་པའི་ཉིན་ལྟར་ལུས་སྦྱོང་སྐར་མ་བདུན་བྱེད་པའི་ཐབས་ཤེས་འདི་རྒྱུན་འཁྱོངས་ན། ལུས་པོ་སྐམ་དུ་བཏང་ཐུབ་ནས་གཟུགས་བྱད་ཡག་པོ་ཞིག་ཡོང་སྲིད། ལུས་སྦྱོང་བྱེད་སྟངས་འདིར་ཕལ་ཆེར་སྐར་མ་བདུན་འགོར་གྱི་ཡོད་ཅིང་། ལུས་སྦྱོང་འདིར་ལུས་པོ་འགུལ་སྟངས་བཅུ་གཉིས་ཡོད་པར་རེ་རེར་སྐར་ཆ་སུམ་ཅུ་དགོས། དེ་ལྟར་འགུལ་སྟངས་ཐེངས་གཅིག་ཚར་རྗེས་ངལ་གསོ་སྐར་ཆ་བཅུ་རེ་རྒྱག་དགོས།

ཞིབ་ཕྲའི་ལུས་སྦྱོང་བྱེད་སྟངས་གཤམ་གྱི་འགུལ་རིས་ལ་གཟིགས་དང་།

གོང་གསལ་གྱི་ལུས་སྦྱོང་བྱེད་སྟངས་འདི་ཉིན་རེར་ཐེངས་རེ་རྒྱུན་འཁྱོངས་ན། ཁྱེད་ཀྱི་ལུས་པོ་དེ་སྔོན་ལས་སྐམ་དུ་གཏོང་ཐུབ་པ་མ་ཟད། ཡུན་རིང་མི་འགོར་བར་སྐུ་ཉིད་ཀྱི་གཟུགས་བྱད་ཡག་པོ་ཞིག་ཆགས་སྲིད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།