ཉི་མར་ལྡེས་ན་ཕན་པ་མང་པོ་ཡོད་པ་ཚན་རིག་གིས་ར་སྤྲད་འདུག
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   ཉི་འོད་ཀྱིས་མིའི་ལུས་སྟེང་གི་ཁྲག་རྩ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ་ཅིང་། རྙིང་དོར་གསར་ལེན་གྱི་ནུས་པ་མཐོར་འདེགས་བཏང་སྟེ་མིའི་ཁམས་དྭངས་པར་བྱེད་ནུས་པ་དང་། དུས་མཚུངས་སུ། མིའི་ལུས་སྟེང་གི་འཚོ་བཅུད་Dཡི་འབྱུང་ཁུངས་གཙོ་བོ་ལའང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

  

ཉི་མར་ལྡེ་ན་སློབ་སྦྱོང་གི་ནུས་པ་དང་དྲན་ཤེས་མཐོར་འདེགས་གཏོང་ཐུབ། ཉེ་ཆར། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་གྲྭའི་ཚེ་སྲོག་ཚན་རིག་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཞོང་ཝེ་དང་རྫས་འགྱུར་དང་རྒྱུ་ཆའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཧོང་གུང་མེན་གཉིས་ཀྱིས་མཉམ་འབྲེལ་ཞིབ་འཇུག་འདི་ལྟ་བུ་ཞིག་བྱས་ཡོད་དེ། ཕྲ་ཕུང་རྐྱང་བའི་སྤུས་ཚད་དང་འོད་ཀྱི་བརྒྱུད་རྒྱུ། ཆ་རྡུལ་སྐྱེ་དངོས་རིག་པ། གློག་གི་སྐྱེ་ལུགས། ད་དུང་སྲོག་ཆགས་ཀྱི་སྤྱོད་ལམ་རིག་པ་སོགས་ལག་རྩལ་དང་ཐབས་ཤེས་སྣ་ཚོགས་སྤྱད་དེ་ཚོད་ལྟ་བྱས་པར། ཉི་འོད་ཕོག་རྗེས་སྲོག་ཆགས་ཀྱི་དྲན་ཤེས་ནུས་པ་དང་སློབ་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་ཐུབ་པ་ར་སྤྲོད་བྱུང་ཡོད་ལ། ཚན་རིག་གི་ཚོད་ལྟ་འདི་ནི་ཕྲ་ཕུང་ཞེས་པའི་དུས་དེབ་ནང་བཀོད་ཡོད།

  

 འབྲེལ་ཡོད་ཡིག་ཚགས་ཁག་ཏུ་གསལ་བ་ལྟར་ན། མིའི་རིགས་དང་སྲོག་ཆགས་རིགས་ཀྱི་ལུས་སྟེང་དུ་ཉི་འོད་ཕོག་རྗེས་སྐྱི་པགས་དང་ཁྲག་རྩའི་ནང་གི་ཉོད་གཱན་ཟོན་ཞེས་པའི་གྲུབ་ཆ་དེ་ཇེ་མང་དུ་ཕྱིན་ཞིང་། དེ་ལ་སྨིག་ཕྱིའི་འོད་འཇིབ་པའི་ནུས་པ་ལྡན་པས། སྨིག་ཕྱིའི་འོད་ཀྱིས་སྐྱི་པགས་ལ་གནོད་པ་བྱ་ཚད་ཉུང་དུ་གཏོང་ཐུབ། མིག་སྔར་ཁྲག་རྩའི་ནང་གི་ཉོད་གཱན་ཟོན་ནི་མཆིན་པའི་ནང་དུ་ཀུད་ཨེམ་སྐྱུར་དུ་འགྱུར་བཞིན་ཡོད་པ་དང་། དེའི་རྗེས་འཁྱམས་གྱེས་ཨེམ་ཞེས་པ་ཞིག་དང་ལྷན་དུ་སྙིགས་འབུད་ཀྱི་ནུས་པ་ཐོན་བཞིན་ཡོད་པ་རེད།

  

དེའི་རྐྱེན་གྱིས་སྐྱི་པགས་ལ་གནོད་པ་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག ང་ཚོ་ཉི་མར་ལྡེས་ན་མིའི་སེམས་ཁམས་དྭངས་པ་དང་དྲན་ཤེས་གསོ་བ་སོགས་ལ་ཧ་ཅང་ཕན། འདིར་ཆེད་དུ་དྲན་སྐུལ་བྱ་འདོད་པའི་དོན་ཞིག་སྟེ། སྨིག་ཕྱིའི་འོད་ཕོག་ཚད་མང་དྲགས་ན་སྐྱི་པགས་ལ་གནོད་པ་ཐེབས་པས་གཟབ་དགོས།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་སྒྲིག་པ། གཤོག་པ།