ཤ་ཡི་རིགས་ལ་ལྷད་ཞུགས་ཡོད་མེད་ཇི་ལྟར་བརྟག་དགོས།
སྤེལ་བའི་དུས་ཚོད། : 2018-06-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   ཤ་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་པས། འཚོ་བཅུད་ལྡན་ཞིང་ལྷད་ཞུགས་མེད་པ། བདེ་ཐང་ལ་ཕན་པའི་ཤ་ཉོ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

  

 མིག་ལ་ཡག་པའི་ཟས་རིགས་ནི་ཤུགས་ན་མི་རྣམས་ལ་ཧ་ལས་སུ་འཇུག་པའི་གནས་ཚུལ་གང་མང་ཞིག་ཡོད་དེ། ཟོག་ལ་ཤ་སྣག་ཇེ་མང་དུ་གཏོང་བྱེད་ཀྱི་རྫས་དང་རྫས་འགྱུར་གཟན་ཆས་བཟའ་རུ་འཇུག་པ་དང་། ཟོག་བཤའ་སྐབས་ཤ་གསེང་ལ་ཆུ་རྒྱག་པ། ཤི་ཤ་དང་ཟོག་ནད་ཡོད་པའི་ཤ་བཙོང་བ། ཤ་བཙོས་མའི་ནང་དུ་སྐྲན་འབྱུང་སྨན་རྫས་རྒྱག་པ་དང་མདོག་སྒྱུར་སྨན་ཆུ་གཏོར་ཏེ་བཙོང་བ་སོགས་བྱས་དང་བྱེད་བཞིན་ཡོད། ཤ་ཉོ་སྐབས་ཤ་འཚོང་མཁན་གྱི་གཡོ་འོག་ལ་མི་ཚུད་པར་བྱ་དགོས། གཤམ་ནས་ང་ཚོས་ཕག་ཤ་བརྟག་ཐབས་འགའ་ངོ་སྤྲོད་བྱ་སྟེ།

  

 རྒྱང་ནས་ཞིབ་ལྟ་བྱེད་པ། ཤ་གསེང་དུ་ཆུ་བརྒྱབ་ཡོད་པའི་ཤ་ཡིན་ན་ཆུ་ཕྱིར་འཛག་སླ་བས་ཉོ་མཁན་གྱིས་ཐག་རིང་ནས་ཞིབ་ལྟ་བྱེད་པའམ་ཡང་ན་ཆུ་ཟ་བའི་ཤོག་བུ་ཤ་ཐོག་ཏུ་གླན་ནས་མྱུར་དུ་རློན་པར་འགྱུར་མིན་གྱི་ཆ་ནས་ཤ་གསེང་ལ་ཆུ་བརྒྱབ་ཡོད་མེད་བརྟག་ཆོག

   ཉེ་ས་ནས་ལྟ་བ། ཆུ་བརྒྱབ་ཡོད་པའི་ཤ་རིགས་ཡིན་ཚེ་ཁ་དོག་དམར་ཤས་ཆེ་བ་དང་ཆུས་བངས་པས་སྟབས་ཀྱིས་ཤ་མདངས་སྐྱ་ཤས་ཆེ་བར་མ་ཟད། ཤ་གཉེར་མེད་པ་བཅས་ཀྱི་ཁྱད་ཆོས་ཡོད་པས་དེའི་ཐད་ནས་བརྟགས་ན་ཤེས་ཐུབ་བོ།།

   ལག་པས་རེག་པ། ཆུ་བརྒྱབ་ཡོད་པའི་ཤ་ཡིས་མཉེན་ཤུགས་མེད་པ་དང་སྲ་མོ་ཡིན་པའི་ཚོར་སྣང་སྟེར།

  གྲིས་གཤགས་པ། ཕྱུགས་ཟོག་གི་ནང་ཁྲོལ་ནི་ཆུ་བརྒྱབ་པ་གསོག་འཇོག་བྱ་སའི་གནས་ཡིན་པས། སྙིང་དང་གློ་བ་སོགས་གྲིས་གཤགས་ནས་སྐམ་རློན་གྱི་ཆ་ལ་བལྟས་ན་ཆུ་བརྒྱབ་ཡོད་མེད་ཤེས་ཐུབ།

ཡོང་ཁུངས། ཤེས་བྱ་དྲིས་བརྒྱ་བ།
རྩོམ་སྒྲིག་པ། གཤོག་པ།