སྤྱོད་ཐེངས་གཅིག་ཅན་གྱི་འཚོ་བའི་མཁོ་ཆས་དག་མ་བཀོལ་ན་བཟང་།
སྤེལ་བའི་དུས་ཚོད། : 2018-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   ད་སྐབས་ཐེངས་གཅིག་ལ་མ་གཏོགས་བེད་སྤྱོད་བྱ་མི་ཐུབ་པའི་འགྱིག་ཕོར་དང་ཤོག་ཕོར། འགྱིག་རྒྱུའི་ཅོག་ཁེབས་སོགས་གྲོང་ཁྱེར་དང་སྡེ་བ་གང་ནའང་གང་འདོད་དུ་བེད་སྤྱོད་བྱེད་བཞིན་ཡོད། མཁོ་ཆས་དེ་དག་གིས་མི་རྣམས་ལ་སྟབས་བདེ་བཟོས་པ་དང་བསྟུན་ནས་མིའི་རིགས་ཀྱི་བདེ་ཐང་དང་འཚོ་གནས་ཁོར་ཡུག་ལ་གནོད་པ་སྐྱེལ་བཞིན་ཡོད།

 

ཐེངས་གཅིག་ཅན་གྱི་འཚོ་བའི་མཁོ་ཆས་དག་ལ་དུག་རྒྱུ་འདུས་ཤིང་། འགྱིག་རྒྱུའི་ནང་དུ་རྫས་འགྱུར་གྱི་དུག་ལྡན་དངོས་པོ་མོད་པས། འགྱིག་ཕོར་ནང་དུ་ཆུ་ཁོལ་གཤེར་ཁུ་དྲོད་མོའི་རིགས་བླུགས་ན་འགྱུར་རྫས་ཆུ་ནང་དུ་འདྲེ་སླ། ཐེངས་གཅིག་ཅན་གྱི་འགྱིག་རྒྱུའི་མཁོ་ཆས་ནི་ཐེངས་གཅིག་ཅན་གྱི་ཐུར་མ་ལས་ཀྱང་གནོད་པ་ཆེ་སྟེ། འགྱིག་རྒྱུས་ས་གཤིན་ལ་གནོད་པ་བཟོ་བཞིན་པ་ནི་ཤིན་ཏུ་ཚབས་ཆེན་ཡིན། འགྱིག་རྒྱུའི་རུལ་སུངས་སུ་གྱུར་སའི་ས་ཐོག་ཏུ་རྩྭ་ཉག་མ་གཅིག་ཀྱང་སྐྱེ་མི་ཐུབ་པ་ཡིན།

  

ཐེངས་གཅིག་ཅན་གྱི་འཚོ་བའི་མཁོ་ཆས་གཙང་མ་མིན། འགྱིག་རིགས་དེ་དག་བལྟས་ཚོད་དུ་ཕྱི་ངོས་འོད་ཅིག་གེར་ཡོད་ནའང་། དོན་དུ་དེའི་ནང་ངོས་སུ་སྲུབས་ཀ་ཆུང་ངུས་ཁེངས་ཡོད་པས་མི་གཙང་བའི་རྫས་སྣ་འཚང་སླ། དེ་བས་མཁོ་ཆས་དེ་དག་བེད་སྤྱོད་བྱེད་དུས་ངེས་པར་དུ་ཆུས་བཀྲུས་ན་བཟང་།

  

 རང་རྒྱལ་གྱིས་བཟོ་སྐྲུན་བྱས་པའི་འགྱིག་ཕོར་དང་། ལྷག་པར་དུ་རིན་གོང་ཧ་ཅང་དམའ་བའི་འགྱིག་ཕོར་ནི་སྨན་ཁང་ལས་ཐོན་པའི་གད་སྙིགས་ཀྱིས་བཟོས་པ་ཡིན་པས། དེ་དག་བཀོལ་སྤྱོད་བྱས་ན་རང་ཉིད་ཀྱི་ཚེ་སྲོག་ལ་ཀུ་རེ་རྩེ་བ་དང་མཚུངས། མིག་སྔར་ཚོང་ར་ན་འཚོང་བཞིན་པའི་སོ་བར་སེལ་བྱེད་ཕལ་ཆེ་བ“གསུམ་མེད་ཐོན་རྫས”ཡིན་ཏེ། འཕྲོད་བསྟེན་ཆོག་མཆན་ཐོབ་མེད་པ་དང་ཕྱི་ཐུམ་མེད་པ། དུག་སེལ་ལ་སོགས་བྱས་མེད་པས་འབུ་ཕྲ་དང་ནད་དུག་འགོས་ཡོད་པས། དེས་ནད་སློང་བར་མ་ཟད། མཆིན་ནད་དང་གློ་ནད་སོགས་ཀྱི་འགོ་ནད་ཀྱང་འབྱུང་དུ་འཇུག་སྲིད།

 

  རང་གི་ལག་ཕྱིས་དང་ཁ་ངོ་བཀྲུ་ཆས་སྤྱོད་པར་གོམས་དགོས། རབ་ཡིན་ན་མགྲོན་ཁང་གིས་མཁོ་སྤྲོད་བྱས་པའི་འཚོ་བའི་མཁོ་ཆས་མ་བཀོལ་ན་བཟང་ངོ་།།

ཡོང་ཁུངས། 《ཤེས་བྱ་དྲིས་བརྒྱ་བ།》
རྩོམ་སྒྲིག་པ། གཤོག་པ།