རླངས་འཁོར་ནང་མགོ་ཡུ་འཁོར་ན་སྲིན་མཛུབ་སྣེ་མོར་འཕུར་འཕུར་གཏོང་དགོས།
སྤེལ་བའི་དུས་ཚོད། : 2018-05-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དུས་ཆེན་དང་གུང་སེང་གི་སྐབས་སུ་ཕྱི་རུ་ཡུལ་སྐོར་ལ་འགྲོ་སྐབས། འཁོར་དུག་གི་སྨན་སྔ་སྣུར་སྒོས་གྲ་སྒྲིག་གང་ལེགས་བྱེད་དགོས་པར་མ་ཟད། ད་དུང་མི་རེ་རེའི་ལུས་སྟེང་དུ་རླངས་འཁོར་ནང་མགོ་ཡུ་འཁོར་བར་འཕྲོད་པའི་སྔོན་འགོག་ནུས་ལྡན་གྱི་གསང་མིག་འགའ་ཡོད། བྲང་བསྡམས་པ་དང་སྐྱུག་ལངས་པའི་དུས་སུ་རང་གི་ཉེ་འགྲམ་ན་ཡོད་པའི་གྲོགས་པོར་སྲིན་མཛུབ་འཕུར་མཉེད་བྱེད་དུ་བཅུག་ན་མགོ་ཡུ་མི་འཁོར་བར་ཕན་པ་ཡོད། འཕུར་མཉེད་བྱེད་སའི་གནས་ནི་སྲིན་མཛུབ་ཀྱི་སེན་མོའི་མན་ནས་རུས་ཚིགས་བར་ཚན0.1གི་བར་ཡིན་ལ། དེ་ནི་སྣོད་དྲུག་ལ་བརྟེན་ནས་བཀོལ་སྤྱོད་བྱེད་པ་དང་། གྲེ་བྲང་གསུས་གསུམ་ནི་སྣོད་དྲུག་ནང་གི་སྣོད་ཆེ་ཤོས་དེ་ཡིན་ལ། ལུས་ཀྱི་དབང་རྩ་སྙོམ་སྒྲིག་བྱེད་པའི་བརྒྱུད་ལམ་ཆེན་པོ་ཞིག་ཀྱང་ཡིན། རླངས་འཁོར་ལ་བསྡད་ན་མགོ་ཡུ་འཁོར་བ་ནི་མིའི་ལུས་ཕུང་འཕྲུལ་འཁོར་གྱི་ཡོམ་འགུལ་ལ་མི་འཕྲོད་པའི་རྐྱེན་གྱིས་མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་ཀྱི་ཡོད། སྲིན་མཛུབ་འཕུར་མཉེད་བྱས་ན་ནི་རླུང་རྒྱུ་བ་དང་བློ་རིག་ཇེ་གསལ་དུ་གཏོང་བའམ་ཡང་ན་སྐྱུག་མཚམས་འཇོག་ཐུབ།

སྲིན་མཛུབ་སྟེང་གི་གསང་མིག་ཅུང་ཆུང་བའི་སྟབས་ཀྱིས་འཕུར་མཉེད་བྱེད་སྐབས་ལག་པ་གཞན་དེའི་མཐེ་བོང་དང་མཛུབ་མོས་འཕུར་མཉེད་བྱེད་དགོས་པར་མ་ཟད། མཐེ་བོང་གི་སེན་མོས་གསང་མིག་ལ་འཕུར་འཕུར་བྱས་ནའང་ཆོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།