གནོན་ཤུགས་ཆེ་དྲགས་ན་ཡིད་འཛིན་ཇེ་ཞན་དུ་འགྲོ་བ་རེད།
སྤེལ་བའི་དུས་ཚོད། : 2018-01-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དུས་རྒྱུན་འཚོ་བའི་ཁྲོད། མི་རྣམས་ལ་བྲེལ་བ་ཆེ་དྲགས་ན་ལས་དོན་གལ་ཆེ་བ་ཁ་ཤས་བརྗེད་འགྲོ་བ་དང་ཡང་ན་སྐབས་དེར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཁ་ཤས་བསྒྲུབ་རྒྱུ་བརྗེད་པའི་གནས་ཚུལ་འབྱུང་བ་རེད། གནས་ཚུལ་དེ་དག་ལ་ད་སྐབས་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཅིག་བརྒྱབ་ཡོད་པ་སྟེ། དེ་ནི་མི་ལ་གནོན་ཤུགས་ཆེ་དྲགས་ན་ཡིད་འཛིན་ཇེ་ཞན་དུ་འགྲོ་བས་རེད།

ཨ་མེ་རི་ཁའི་ཞིབ་འཇུག་མི་སྣས་འགྲེལ་བཤད་བྱས་པ་ལྟར་ན། མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་ཤ་སྒྲིམ་པའི་སེམས་ཁམས་ལ་ཚོད་འཛིན་བྱེད་མ་ཐུབ་ན། དྲན་པར་གནོད་པ་ཡོད་པར་མ་ཟད། ད་དུང་ཀླད་པའི་ནུས་པ་གཞན་པར་ཡང་གནོད་པ་ཡོད།

ཞིབ་འཇུག་མི་སྣས་ད་དུང་ཤེས་པ་ལྟར་ན། མི་སུ་ཞིག་ཡིན་རུང་དུས་རྒྱུན་དུ་ཤ་སྒྲིམ་རྒྱུ་མང་དྲགས་ན། སྨྱོ་ནད་ཕོག་སླ་བ་ཡིན། དཔེར་ན་སློབ་གྲྭའི་ནང་གི་སློབ་སྦྱོང་གི་གནོན་ཤུགས་ཆེན་པོ་དང་དམག་དཔུང་གི་དམག་སྦྱོང་སྐབས་སུ་ཤ་བསྒྲིམས་དྲགས་ཏེ། མིའི་བསམ་པར་བཟོད་དཀའ་བའི་ཚོར་སྣང་འབྱུང་སྐབས། ཀླད་ཆེན་དབང་རྩ་འཁྲུགས་པའི་སྨྱོ་ནད་དང་ཡང་ན་དྲན་པ་ཉམས་པའི་ནད་རིགས་འབྱུང་སླ་བ་རེད། །

《བདེ་ཐང་རྩོམ་བཏུས》ལྟར་སྒྲིག་བསྒྱུར་བྱས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། ལྷ་སྐྱིད།