སོ་འཁྲུད་པའི་ཕན་ཡོན།
སྤེལ་བའི་དུས་ཚོད། : 2017-05-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

༡ སོ་རྙིལ་ཐད་ཀྱི་ནད་རིགས་སྔོན་འགོག་བྱེད་ཐུབ་པ།


   རྒྱུན་དུ་སོ་མ་བཀྲུས་ན་སོ་འཁོར་གཉན་ཚད་སློང་སྲིད་ལ་དེ་ནི་སོ་རྙིལ་ཕུང་གྲུབ་དང་རུས་ཀྲང་གི་འགོས་ནད་ཞིག་ཡིན། དེས་ཁྱེད་ཀྱི་སོའི་གནས་སྟངས་ལ་འགྱུར་བ་གཏོང་བ་དང་དེ་ནི་དར་མའི་དུས་སུ་སོ་བུད་པའི་ཉེས་ཅན་གཙོ་བོ་ཡིན། གལ་སྲིད་སྔ་ཙམ་ནད་དཔྱད་བྱས་ན་སོ་འཁོར་གཉན་ཚད་ལ་སྨན་བཅོས་དང་སྒྱུར་ཐབས་ཡོད། གལ་སྲིད་སྨན་བཅོས་མ་བྱས་ན་རྗེས་མར་དེ་ལས་ཚབས་ཆེ་བའི་སོ་རྙིལ་ནད་རིགས་སློང་སྲིད། དུས་བཀག་གིས་སོ་བཀྲུ་པ་དང་ཞིབ་དཔྱད་བྱས་ན་ནུས་ལྡན་ངང་ནས་སོ་རྙིལ་ནད་རིགས་འགོག་ཐུབ།


༢ ཁ་སྦུག་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་པ།


  ཁ་སྦུག་འབྲས་སྐྲན་གྱི་ཐེབས་རྩ་ལྷན་ཚོགས་ཀྱི་བསྡོམས་རྩིས་ལྟར་ན། ཨ་རི་ཁོ་ནར་ཆུ་ཚོད་རེར་ཁ་སྦུག་འབྲས་སྐྲན་གྱིས་རྐྱེན་བྱས་ཏེ་མི་གཅིག་རེ་ཤི་བཞིན་ཡོད་ཅིང་། རྒྱུན་དུ་སོ་བཀྲུས་དེར་སྔོན་འགོག་ལེགས་པོ་བྱེད་ཐུབ།


༣ ལུས་པོའི་བདེ་ཐང་སྲུང་འཛིན་བྱེད་པར་ཕན་པ།


  ཉེ་ལམ་གྱི་ཞིབ་འཇུག་གིས་གསལ་སྟོན་བྱས་པར། རྒྱུན་དུ་སོ་མ་བཀྲུས་ཤིང་ཁ་སྦུག་གཙང་མ་མིན་ཚེ་སྙིང་ནད་དང་གྲིབ་ནད་ཀྱི་ནད་སློང་སྲིད་ཅིང་། ཟླ་དྲུག་རེར་སྨན་ཁང་ལ་ཕྱིན་ནས་སོ་བཀྲུས་ན་ཁྱེད་ཀྱི་སོ་དང་སོ་རྙིལ་གྱི་བདེ་ཐང་སྲུང་འཛིན་བྱེད་ཐུབ་པར་མ་ཟད་སྙིང་ནད་དང་གྲིབ་ནད་ཕོག་པའི་ཉེན་ཁ་ཡང་དམའ་རུ་གཏོང་ཐུབ།

 ༤ སོ་ནད་སྔ་ཙམ་རྟོགས་པར་ཕན།

   སོ་ནད་སྨན་པས་སོ་འཁྲུད་པའི་བརྒྱུད་རིམ་ཁྲོད་སོ་ནད་ཚན་ཁག་གི་ནད་རིགས་ཀྱི་དུས་རིམ་སྔ་མའི་རྟགས་མཚན་ཏེ། སོ་རྙིལ་དང་སོ་རུལ་ཡོད་པ་སྔ་ཙམ་རྟོགས་སླ་ཞིང་། སྔ་ཙམ་གྱིས་རྟོགས་ཚེ་སོ་ནད་དེ་དག་སྨན་བཅོས་བྱེད་སླ། གལ་སྲིད་ཁྱེད་ལ་སོ་འཁྲུད་པའི་གོམས་གཤིས་མེད་ན་གནས་ཚུལ་འདི་རིགས་ཇེ་སྡུག་བྱུང་ཟིན་ནས་སོ་འབལ་བའི་ཐབས་ཁོ་ན་མ་གཏོགས་མེད་སྲིད།


༥ ཁའི་དྲི་ངན་འགོག་ཐུབ་པ།


   སོ་ནད་ཚན་ཁག་གི་ཞིབ་འཇུག་ལྟར་ན། སོ་མི་འཁྲུད་མཁན་ནང་དུ་ཧ་ལམ༨༥ཡི་མི་ལ་ཁའི་དྲི་ངན་ཡོད་པ་དང་། ཁ་སྦུག་གཙང་སྦྲ་ལེགས་པོ་ནི་ཁའི་དྲི་ངན་སྔོན་འགོག་བྱེད་པར་མེད་དུ་མ་རུང་བའི་རིམ་པ་དང་པོ་ཡིན་ཏེ་སོ་འཁྲུད་པ་ནི་ཁའི་དྲི་ངན་འཇོམ་པའི་ཆེས་བཟང་བའི་ཐབས་ལམ་ཡིན།


ཡོང་ཁུངས། ཚ་ལུ་མའི་ཚན་རྩལ་དྲ་བ།
རྩོམ་སྒྲིག་པ། གཤོག་པ།