བརྙན་འཕྲིན་ལ་ལྟ་སྐབས་བར་ཐག་ངེས་ཅན་ཞིག་བཀྱེད་དགོས་དོན་ཅི།
སྤེལ་བའི་དུས་ཚོད། : 2017-04-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 ང་ཚོས་རྒྱུན་དུ་བརྙན་འཕྲིན་ལ་ལྟ་སྐབས། མིག་དང་བརྙན་ཤེལ་གྱི་བར་ཐག་ལ་ཚད་ངེས་ཅན་ཞིག་འཇོག་དགོས་ལ། དེའི་བར་ཐག་གི་རིང་ཐུང་ནི་བརྙན་འཕྲིན་འཕྲུལ་ཆས་ཀྱི་བརྙན་ཤེལ་ཆེ་ཆུང་ལྟར་གཏན་འཁེལ་བྱེད་ཆོག སྤྱིར་བཏང་དུ་དབྱིན་ཚུན18ཅན་གྱི་བརྙན་འཕྲིན་འཕྲུལ་ཆས་ལ་ལྟ་སྐབས་བར་ཐག་སྨི2.2ནས2.5ཡིན་དགོས།

 བརྙན་འཕྲིན་འཕྲུལ་ཆས་ཀྱི་བརྙན་ཤེལ་ལས་འཆར་བའི་གཟུགས་བརྙན་ནི་འོད་ཚེག་ཆུང་བ་ཁྲི་ཕྲག་ལྷག་གིས་གྲུབ་པ་ཡིན་པས། གལ་ཏེ་བརྙན་ཤེལ་དང་བར་ཐག་ཧ་ཅང་ཉེ་ཚེ་མིག་གིས་མཐོང་བ་ནི་ལམ་ལམ་འཁྱུག་པའི་འོད་ཚེག་གི་གཟུགས་ཡིན་པ་ལས་བརྙན་རིས་གསལ་པོ་མཐོང་མི་ཐུབ།

 བརྙན་འཕྲིན་འཕྲུལ་ཆས་ཀྱི་བརྙན་ཤེལ་གྱི་ཆེ་ཆུང་དང་བསྟུན་ནས་བར་ཐག་ཀྱང་དེར་བསྟུན་གྱིས་བཀྱེད་དགོས།

 བར་ཐག་ཧ་ཅང་ཉེ་ཚེར་བརྙན་ཤེལ་ཐོག་གི་འོད་ལམ་ཧ་ཅང་གསལ་བས་མིག་ལ་ཐད་ཀར་གནོད་པ་སྐྱེལ་བ་དང་། ལྟ་ཡུན་རིང་དྲགས་ན་མིག་གི་དབང་ནུས་མངོན་སུམ་དུ་ཇེ་ཞན་འགྲོ་སྲིད། དེའི་རྐྱེན་གྱིས་ང་ཚོས་རྒྱུན་དུ་ཧ་ཅང་གསལ་དྲགས་པའི་གློག་འོད་སོགས་ཀྱི་འོག་ཏུ་དཔེ་ཆར་མི་ལྟ་བ་དང་། གལ་ཏེ་ངེས་པར་དུ་དཔེ་ཆར་བལྟ་དགོས་ཚེ་མིག་ཟུང་དང་དཔེ་ཆ་གཉིས་བར་བར་ཐག་ངེས་ཅན་ཞིག་འཇོག་དགོས། བརྙན་འཕྲིན་ལ་ལྟ་སྐབས་བར་ཐག་ངེས་ཅན་ཞིག་འཇོག་དགོས་པ་ལས་གཞན། མིག་གིས་རྒྱུན་པར་བརྙན་འཕྲིན་ལ་བལྟ་ན་བརྙན་འཕྲིན་འཕྲུལ་ཆས་དེ་ཅུང་མཐོ་ས་ཞིག་ཏུ་བཞག་ནས་མིག་གིས་ཡར་བལྟས་ན་ལེགས། སྤྱིར་བཏང་དུ་བརྙན་ཤེལ་གྱི་དཀྱིལ་སྙིང་ཚེག་ལི་སྨི3ནས5ཡིན་དགོས་པས། དེ་ལྟར་བར་ཐག་ངེས་ཅན་རེ་བཀྱེད་ནས་བརྙན་འཕྲིན་དང་དཔེ་ཆ་ལ་བལྟས་ན་མིག་ལ་མི་གནོད་ཅིང་མིག་གི་ནུས་པ་ཇེ་ཞན་དུའང་མི་འགྲོའོ།།

ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།

རྩོམ་སྒྲིག་པ། པད་མ།