▶གནམ་མཚོ་དང་བསོད་ནམས་ཆོས་སྒྲོན་གྱི་གཞས་གསར་༼བརྩེ་བའི་རྒྱན་ཆ།༽
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



༼བརྩེ་བའི་རྒྱན་ཆ།༽

ཚིག སེར་ཤུལ་རབ་གསལ།

དབྱངས། བློ་གསལ།

ལེན་མཁན། གནམ་མཚོ། བསོད་ནམས་ཆོས་སྒྲོན།



ང་ཡི་སྙིང་གཏམ་པི་ཝང་སྙན་མོ་ཡིན།།

ཁྱེད་ཀྱིས་ཉན་ན་འདོད་པའི་སྐད་དེ་ཡིན།།

ཚིག་དང་དབྱངས་ལ་འགྱུར་བ་མ་བཏང་བར།།

བརྩེ་བའི་གཞས་འདི་ཁྱེད་ལ་ལེན་བཞིན་ཡོད།།



བདག་གི་སེམས་འདི་ཀ་ཁའི་དབྱངས་རྟ་ཡིན།།

ཁྱེད་ཀྱིས་ལེན་ན་འདོད་པའི་དབྱངས་དེ་ཡིན།།

རྒྱུད་དྲུག་པི་ཝང་དཀར་པོའི་རམ་འདེགས་ཡོད།།

སེམས་ཀྱི་དབྱངས་འདི་ཁྱེད་ལ་འབུལ་ནས་ཡོད།།



སྙིང་གཏམ་པི་ཝང་ཕན་ཚུན་དཀྲོལ་ཞོར་དུ།།

སེམས་ཀྱི་དབྱངས་རྟ་བདག་གིས་ཁྱེད་ལ་ལེན།།

དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད།།

ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན།།







ཡོང་ཁུངས། དྲ་ལམ་ནས་བཤུས།