▶མེ་ཏོག་ལྷ་མོའི་གཞས་གསར་༼ འཁོར་བ།༽
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼འཁོར་བ།༽
ཚིག དོན་འགྲུབ་རྡོ་རྗེ།
དབྱངས། ཉི་མ་བཀྲ་ཤིས།
ལེན་མཁན། མེ་ཏོག་ལྷ་མོ།


ཡུལ་འདིའི་ཡར་ལ་སོང་སོང་།
སོང་སོང་འཇིག་རྟེན་ལུང་པ།
ཨ…..
འཇིག་རྟེན་ལུང་པའི་ཕུ་ནས།
སྐྱིད་པོ་ཨེ་ཡོང་བསམ་ཡོད།
སྐྱིད་པོ་ཡོང་དང་མི་ཡོང་།
རང་སེམས་སེམས་ལ་ཤར་སྟངས།
སེམས་པའི་ཁ་ལོ་དེ་ལ།
ཁྱེད་རང་ཐུགས་བསམ་བཞེས་དང་།

ཡུལ་འདིའི་མར་ལ་སོང་སོང་།
སོང་སོང་འཁོར་བའི་རི་གྲོང་།
ཨ…..
འཇིག་རྟེན་འཁོར་བའི་གྲོང་ནས།
སྐྱོ་བ་མེད་ན་བསམ་ཡོད།
སྐྱོ་བ་ཡོང་དང་མི་ཡོང་།
རང་སེམས་སེམས་ལ་བཞག་སྟངས།
སེམས་པའི་ཁ་ལོ་དེ་ལ།
ཁྱེད་རང་ཐུགས་བསམ་བཞེས་དང་།

ཡོང་ཁུངས། བོད་བརྙན་འཕྲིན་སྟེགས།