▶ལྷ་སྐྱིད་ཀྱི་གཞས་གསར་ ༼རང་བྱུང་ངག་གི་རོལ་མོ།༽
སྤེལ་བའི་དུས་ཚོད། : 2019-05-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼རང་བྱུང་ངག་གི་རོལ་མོ།༽
དབྱངས་དང་ཚིག རྡོ་རེད།
ལེན་མཁན། ལྷ་སྐྱིད།

 
མཛེས་པའི་ཕ་ཡུལ་ལྗོངས་ན།
འབྲོང་ཆུང་དར་མའི་ར་རྩེ་སང་སེ་སང་།
ཤ་དང་ཤེའུའི་གར་སྟབས་ལྡིང་སེ་ལྡིང་།
ཤ་དང་ཤེའུའི་གར་སྟབས་ལྡིང་སེ་ལྡིང་།

མཛེས་པའི་ཕ་ཡུལ་ལྗོངས་ན།
བྱེའུ་ཆུང་འཇོལ་མོའི་གླུ་སྐད་སྙན་སེ་སྙན།
རི་བོང་ཁ་ཤོའི་སྤྲོ་ཉམས་འཛུམ་སེ་འཛུམ།
རི་བོང་ཁ་ཤོའི་སྤྲོ་ཉམས་འཛུམ་སེ་འཛུམ།

རེས་བྲལ་བླ་མའི་མདུན་ལ།
རྒན་པོ་མཇལ་བར་འགྲོ་དུས་ཅོག་སེ་ཅོག
གུས་པའི་ཁ་བཏགས་འབུལ་དུས་སྒུར་སེ་སྒུར།
གུས་པའི་ཁ་བཏགས་འབུལ་དུས་སྒུར་སེ་སྒུར།

རིས་བྲལ་བླ་མའི་མདུན་ན།
རེ་བའི་འདུན་མ་ཞུ་སྐད་འདར་སེ་འདར།
བུ་ཆུང་སྣ་ལུག་གམ་ན་སིག་སེ་སིག
བུ་ཆུང་སྣ་ལུག་གམ་ན་སིག་སེ་སིག

ཡོང་ཁུངས། བོད་གཞས་འཕྲིན་སྟེགས་ཆེན་མོ།