▶ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་རིག་གནས་ཤུལ་བཞག་ནང་ཡར་ཞུ་བྱེད་སྤྱད་ཀྱི་བརྙན།
སྤེལ་བའི་དུས་ཚོད། : 2017-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༧ཉིན་ཕོ་ལན་ཁེ་ལ་ཁེ་ཧྥུར་སྐོང་ཚོགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༤༡པའི་ཐོག མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་དེ་དངོས་སུ་འཛམ་གླིང་རང་བྱུང་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་འཇུག་རྒྱུའི་ཆོག་མཆན་ཐོབ་ཅིང་། ཨ་ཆེན་གངས་རྒྱབ་ཉིད་ཀྲུང་གོའི་འཛམ་གླིང་རང་བྱུང་རིག་གནས་ཤུལ་བཞག་༥༡པ་དེར་གྱུར་ཡོད།

འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་དཔྱད་དཔོག་སྙན་ཞུའི་ནང་། ཨ་ཆེན་གངས་རྒྱབ་ནི་གཞི་རྒྱ་ཆེ་ཞིང་མིའི་རིགས་ཀྱི་གཏོར་སྐྱོན་ཕོག་མེད་པ་དང་། མིའི་ཡིད་དབང་ཅིག་ཅར་འཕྲོག་པའི་མཛེས་ལྗོངས་ཤིག་ཡིན་པ་མ་ཟད། དེར་རི་དྭགས་གཙོད་གཙང་གསུམ་ཆུ་མགོ་དང་ཨ་ཆེན་གངས་རྒྱབ་ལ་གནས་སྤོ་བྱེད་པའི་ལམ་ཐིག་ཆ་ཚང་ཞིག་གྲུབ་ཡོད་པ་དང་། གཙོད་ཡ་འགོག་རྐྱེན་མེད་པར་རང་འདོད་ལྟར་གནས་སྤོ་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།

ཨ་ཆེན་གངས་རྒྱབ་ནི་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དུ་ཡོད་ཅིང་། སོག་སྐད་ལ་མཛེས་སྡུག་ལྡན་པའི་གཞོན་ནུ་མ་ཟེར་གྱི་ཡོད། དེའི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་༤༥༠༠ཡན་ཡོད་པ་དང་། སྤྱི་ལོ་༢༠༡༤ལོའི་ལོ་མཇུག་ནས་མགོ་ཚུགས་ཏེ་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་མིང་ཐོའི་ནང་རེ་ཞུ་བྱེད་མགོ་ཚུགས་པ་དང་། སྤྱིའི་གཞི་ཁྱོན་ལ་སྤྱི་ཆིངས་ས་ཡ་༦ཙམ་ཡོད་ལ། དེའི་ལྟེ་བའི་ཁུལ་གྱི་གཞི་ཁྱོན་ལ་སྤྱི་ཆིངས་ས་ཡ་༣དང་༧འབུམ་ཙམ་ཡོད་པ་དང་། བར་ཁུལ་ལ་སྤྱི་ཆིངས་ས་ཡ་༢དང་༣འབུམ་ཙམ་ཡོད་དོ།།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།
རྩོམ་སྒྲིག་པ། པད་མ།