♪༼བོད་ཀྱི་སྐད་ངག་སྙན་མོའི༽ཨང་གཉིས་པ་ཐོཊ་མེད་ཀྱི་གཞས།
སྤེལ་བའི་དུས་ཚོད། : 2017-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼གཤོག་པ།༽

ཚིག བཙན་ཞགས།
དབྱངས། ཐོགས་མེད།
གཞས་པ། ཐོགས་མེད།

མེ་ལོང་ལྟ་བུའི་མཚོ་མོ་དེ་བཞག་ནས།
ཁུ་སིམ་མེར་གང་དུ་འཕུར།
གཤོག་སྣེ་ལས་འཛར་བའི་དངུལ་ཆུའི་ཐིགས་པ་རེ་རེ།
རེ་བའི་མེ་ཏོག་གི་ས་བོན་ཡིན་ནམ།
སྐྱིད་ལ་སྡུག་པའི་ལམ་གྱི་མགུར་ཆུང་དེ་ཡིན།
མཚོ་འགྲམ་ན་ལུས་པའི་གསེར་གྱི་གདུ་བུ་དེ།
ཕྱིར་མིག་གི་གསང་བ་ཁོ་ན་ཞིག
མཐའ་མི་མངོན་པའི་བར་སྣང་དེ་ན།
སྤྲིན་པ་ཞིག་རླུང་གིས་དཀྲིག་པའི་གྲིབ་མ་ཕོག
ཡོམ་ཡོམ་དུ་སྐྱོམ་པའི་མཚོ་མོ།
སྐྱོ་གཞས་ལྷོད་པོ་དེའི་དབྱངས་རྟར་ལྷུང་།
ཚིག་གི་ལོ་མ་ལས་འཐོར་བའི་སེམས་རིས་ཁྲ་བོ།
གཏིང་རིང་བའི་རྨི་ལམ་དུ་སྦས་ཏེ།
ཁ་དོག་རྙིང་བའི་འཇིག་རྟེན་ཞིག་སླར་ཡང་བཀླགས་དུས།
ཚོར་བ་ནི།
མཚོ་འགྲམ་གྱི་རྩྭ་ལྡུམ་ཞིག་རླུང་གསེབ་ན་འདར་ཤིག་ཤིག

རྩོམ་ཁུངས། གླུ་གཞས་སྟེགས་བུ།
རྩོམ་སྒྲིག་པ། གཤོག་པ།