♪གཡང་ཕྱུག་འཚོའི་གླུ་གཞས་༼ཧི་མ་ལ་ཡའི་སྲས་མོ།༽
སྤེལ་བའི་དུས་ཚོད། : 2017-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】




ཧི་མ་ལ་ཡའི་སྲས་མོ།

སྒྲིག་ཁྲིད། དབྱངས་སྐྱིད་འབྲུག་མོ།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། འཇམ་དབྱངས་བསྟན་འཛིན།
ལེན་མཁན། གཡང་ཕྱུག་འཚོ།

མ་འདྲིས་སེམས་ཀྱི་མདུད་པ།
འདྲིས་ན་དགའ་རོགས་སྐྱོ་རོགས།
ཧི་མ་ལ་ཡའི་སྲས་མོ།
སྙིང་སྡུག་གཡུ་ཆུང་དྲུག་དཀར།
ཡིད་འཕྲོག་ལྷ་མོ་ལྷ་རེད།
ལྷ་ཡུལ་གང་གི་གང་རེད།
ཧི་མ་ལ་ཡའི་སྲས་མོ།
ཉི་མའི་འོད་ལ་བྱོན་ཡོད།
གངས་རི་མཐོན་པོའི་རྩེ་ལ།
སྤྲིན་དཀར་བང་རིམ་དབུས་ལ།
ལང་ཚོ་གར་གྱིས་འཁྱུག་པའི།
ཧི་མ་ལ་ཡའི་སྲས་མོ།
བཞིན་བཟང་གཤིས་འཇམ་གཅིག་ལ།
ཁྲེལ་ཡོད་དམ་ཚིག་གཉིས་ལ།
ཧི་མ་ལ་ཡའི་སྲས་མོ།
མཁའ་མཐའི་སྤྲིན་པ་དམར་པོ།
བོད་ཡུལ་ཁྲོམ་ཆེན་དབུས་ན།
བརྒྱ་ཚོགས་སྟོང་འདུས་གཙུག་རྒྱན།
ཧི་མ་ལ་ཡའི་སྲས་མོ།
བདག་པོ་གང་འདོད་མ་གནང་།
གངས་རི་མཐོན་པོའི་རྩེ་ལ།
སྤྲིན་དཀར་བང་རིམ་དབུས་ལ།
ལང་ཚོ་གར་གྱིས་འཁྱུག་པའི།
ཧི་མ་ལ་ཡའི་སྲས་མོ།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། ལྷ་སྐྱིད།