♪སྐལ་བཟང་གཡུ་སྒྲོན།༼ ཆང་གཞས།༽
སྤེལ་བའི་དུས་ཚོད། : 2017-04-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚིག་གདངས། དམངས་གཞས།

གཞས་མ། སྐལ་བཟང་གཡུ་སྒྲོན།

༼གཞས་ཚིག༽

གཟིམ་ཆུང་ཀ་བཞི་གདུང་བརྒྱད། འཇའ་ཡི་གྲོ་ལོ་ཤིག་ཤིག གདན་ས་བདེ་ཆེན་ཕོ་བྲང་། གཟིམ་ཆུང་ཡར་ལ་འདྲ་བྱུང་། རི་དེ་གཡང་ཆགས་རི་ལ། རྩྭ་ལ་སྨན་རྩྭ་སྐྱེ་ས། སེམས་ཅན་སྤུ་གྲ་ལེགས་པ། གཡང་ཆགས་རི་ལ་འཁོར་ཡོང་། སྙེ་མ་སྙེ་རྡོག་གཅིག་ལ། ནས་རྡོག་སུམ་བརྒྱ་དྲུག་ཅུ། ལོ་ལེགས་རྟེན་འབྲེལ་ཆེད་དུ། མཆོད་ཆང་གཙང་བཞེས་གནང་དང་། མཆོད་ཆང་ཞིམ་པའི་སྒང་ལ། རིན་ཆེན་རྩམ་པ་རྒྱབ་ཡོད། དྭགས་པོ་བཤད་སྒྲུབ་གླིང་གི། རྒུན་འབྲུམ་མར་ལས་ཞིམ་པ།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།