♬རྣམ་རྒྱལ་ཆོས་མཚོའི་གཞས་༼ལོ་གསར་བཟང་།༽
སྤེལ་བའི་དུས་ཚོད། : 2017-02-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 



ལོ་གསར་བཟང་།
ཚིག འབའ་ཐང་བ་ཡེ་ཤེས་ཆོས་འཛིན།
དབྱངས། རྫོགས་ཆེན་བསྟན་འཛིན།
ལེན་མཁན། རྣམ་རྒྱལ་ཆོས་མཚོ།
ཤར་སྐྱ་རེངས་བུ་མོ་ལྷོད་ཀྱིས་ཕེབས།།
འཛུམ་རྟེན་འབྲེལ་སྟོང་གིས་ཕྱུག་ནས་ཕེབས།།
ལོ་གསར་པའི་ལོ་གཡང་ཁྱེར་ནས་ཕེབས།།
ཁྱིམ་བཟའ་མིའི་ལྷན་འཛོམས་བསམ་ནས་ཕེབས།།
ལོ་གསར་བཟང་། ལོ་གསར་བཟང་།
བོད་ཁ་བ་ཅན་ལ་བཀྲ་ཤིས་ཤོག།
ལག་ཕྲེང་བ་ཅན་ལ་བདེ་ལེགས་ཞུ།།
ལོ་གསར་བཟང་། ལོ་གསར་བཟང་།
བོད་ཁ་བ་ཅན་ལ་བཀྲ་ཤིས་ཤོག།
ལག་ཕྲེང་བ་ཅན་ལ་བདེ་ལེགས་ཞུ།།

དགུང་ཁྲི་གདུགས་ཉི་མ་དལ་གྱིས་ཤར།།
འོད་དྲོན་མོའི་བདེ་སྐྱིད་ཁྱེར་ནས་ཤར།།
ལོ་གསར་པའི་ཡིད་ཆེས་བསྣམ་ནས་ཤར།།
ལུས་འབྱུང་བཞིའི་དབང་ཐང་སྒྲོག་ནས་ཤར།།
ལོ་གསར་བཟང་། ལོ་གསར་བཟང་།
བོད་ཁ་བ་ཅན་ལ་བཀྲ་ཤིས་ཤོག།
ལག་ཕྲེང་བ་ཅན་ལ་བདེ་ལེགས་ཞུ།།
ལོ་གསར་བཟང་། ལོ་གསར་བཟང་།
བོད་ཁ་བ་ཅན་ལ་བཀྲ་ཤིས་ཤོག།
ལག་ཕྲེང་བ་ཅན་ལ་བདེ་ལེགས་ཞུ།།
ལག་ཕྲེང་བ་ཅན་ལ་བདེ་ལེགས་ཞུ།།

ཡོང་ཁུངས། བོད་གླུའི་འཕྲིན་སྟེགས།
རྩོམ་སྒྲིག་པ། བསོད་ཚེ།