♪ཚ་ཤོས།-མགོ་ལོག་རྒྱལ་མཚན།༼ད་ནི་ཕ་ལོ་རྒས་སོང་ཟིག༽
སྤེལ་བའི་དུས་ཚོད། : 2017-02-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 


ད་ནི་ཕ་ལོ་རྒས་སོང་ཟིག

ཚིག འཕང་།
དབྱངས། མགོ་ལོག་རྒྱལ་མཚན།
ལེན་མཁན། མགོ་ལོག་རྒྱལ་མཚན།

ངའི་ཕ་ལོ་ད་ནི་རྒས་སོང་ཟིག།
སྒོའི་ཕྱི་ནང་བར་ནས་སྒུར་སོང་ཟིག།
མདངས་གེ་སར་འདྲ་བོ་ཡལ་སོང་ཟིག།
དེ་བསམ་ན་སེམས་འདི་སྡུག་བསྔལ་རེད།།

ངའི་ཕ་ལོ་ད་ནི་རྒས་སོག་ཟིག།
དགུན་ཙག་རླུང་ཁྲོད་ནས་ཉམས་སོང་ཟིག།
ཞལ་ཉི་མ་འདྲ་བོ་གཉེར་སོང་ཟིག།
དེ་བསམ་ན་སེམས་འདི་མིག་ཆུ་རེད།།

ངའི་ཕ་ལོ་ད་ནི་རྒས་སོང་ཟིག།
ལོ་ཟླ་བའི་མཐའ་ནས་རྒུད་སོང་ཟིག།
སྐྲ་གཡུ་རལ་འདྲ་བོ་དཀར་སོང་ཟིག།
དེ་བསམ་ན་ཡོད་ཚད་ན་ཟུག་རེད།།

ངའི་ཕ་ལོ་ད་ནི་རྒས་སོང་ཟིག།
ཁྱིམ་འཁོར་བའི་ཀློང་ནས་ལུས་སོང་ཟིག།
སྐྱིད་དབྱར་ཁ་འདྲ་བོ་ཚར་སོང་ཟིག།
དེ་བསམ་ན་སྐྱོ་བ་ཁྲི་མ་འབུམ།།

ཡོང་ཁུངས། བོད་གཞས་རོལ་དབྱངས་འཕྲིན་སྟེགས།
རྩོམ་སྒྲིག་པ། གཤོག་པ