♬༼ང་ཚོ་མཛངས་མ་ཚང་མ། འཛམ་གླིང་མཛེས་རྒྱན་ཡིན།༽དབྱངས་ཅན་སྒྲོལ་མ།
སྤེལ་བའི་དུས་ཚོད། : 2017-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འཛམ་གླིང་མཛེས་རྒྱན།
ཚིག ཤ་ཟན་རྩམ་པ་དགའ།
ལེན་མཁན། དབྱངས་ཅན་སྒྲོལ་མ།

ཡེ། སྨན་མཛངས་མ་འཛམ་གླིང་མཛེས་རྒྱན་ཡིན།
མི་སྐྱེས་ཆེན་དམ་པའི་ཡུམ་ཆེན་ཡིན།
ཨོ། བུ་མཛད་འཕྲིན་རྒྱས་པའི་རྒྱབ་རི་ཡིན།
ལས་བསམ་དོན་འགྲུབ་པའི་མཐུན་རྐྱེན་ཡིན།

འཛམ་གླིང་ཞི་བདེ་དང་འདོད་ཡོན་ལོངས་སྤྱོད།
བྱིས་པའི་མདུན་ལམ་ལ་ནི་རྒན་པ་ཚེ་ཐག་རིང་བ།
ཚང་མ་ང་ཚོས་བསྩལ་ཡོད།
མཛངས་མ་ང་ཚོས་བསྩལ་ཡོད།
བསྩལ་ཡོད།
ཨོ ང་ཚོ་མཛངས་མ་ཚང་མ།
འཛམ་གླིང་མཛེས་པའི་རྒྱན་ཡིན། རྒྱན་ཡིན།
ཨོ འཛམ་གླིང་མཛེས་རྒྱན།


དབྱངས་ཅན་སྒྲོལ་མ།
མིང་གཞན། ཧུ་མོ།
ཆེད་ལས། རོལ་མོའི་དགེ་རྒན།

1991.4.5ཉིན་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོའི་རྨ་ཆུ་ནས་སྐྱེས། ཆུང་དུས་ནས་གླུ་གར་ལ་དགའ་བ་དང་སྤྲོ་བ་ལྷག་མ་ཞིག་ཡོད་པས། ༢༠༡༡ལོ་དངོས་སུ་གླུ་གཞས་ཀྱི་ལམ་ཁར་ཞུགས་ཏེ་པེ་ཅིན་དེང་རབས་རོལ་དབྱངས་སློབ་གླིང་ནས་བོད་རང་གི་གླུ་གཞས་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་རྨང་གཞི་བྱས་ཏེ་དེང་རབས་རོལ་དབྱངས་དང་ཞབས་བྲོ་(hiphop)ལ་སྦྱོང་བ་བྱས་ཤིང་། ཞོར་དུ་རྣོ་སྦྲེང་དང་ཀེ་ཐར་སོགས་རོལ་ཆས་ཀྱང་མང་པོ་ལ་རྒྱུས་ལོན་དང་སློབ་སྦྱོང་བྱས་ཏེ། ༢༠༡༤ལོ་པེ་ཅིན་དེང་རབས་རོལ་དབྱངས་སློབ་གླིང་ནས་དངོས་གཞིའི་སློབ་མཐར་ཕྱིན། ད་ལྟ་པེ་ཅིན་ཐོང་ཀྲུག་གཞིས་ཁུལ་དུ་གཞི་སྡོད་བྱས་ཏེ་མུ་མཐུད་དུ་གླུ་གཞས་ཀྱི་ཕྱོགས་སུ་འབད་འབུངས་སློབ་སྦྱོང་བྱེད་བཞིན་གདའ་ལ། ཐེངས་འདིའི་འཛམ་གླིང་མཛེས་རྒྱན་ཞེས་པའི་རྐྱང་གཞས་གསར་བ་འདི་ནི་ཁོ་མོའི་ཆེས་ཐོག་མའི་བརྩམས་ཆོས་ཡིན་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་རིགས་སྤུན་ཟླ་རྣམས་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཡང་ཡང་ཞུ།

ཡོང་ཁུངས། དར་སྲོལ་གསར་མ།
རྩོམ་སྒྲིག་པ། གཤོག་པ།