▶༼ཀརྨ་སྨོན་ལམ༽ ཞེས་པའི་བརྙན་ཐུང་ཡག་པོ་ཞིག
སྤེལ་བའི་དུས་ཚོད། : 2016-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཀརྨ་སྨོན་ལམ་༽ཞེས་པའི་སྤྱི་ཕན་བརྙན་ཐུང་འདི་ནི་མི་ལ་སེམས་འགུལ་ཐེབས་པའི་དངོས་བྱུང་གཏམ་རྒྱུད་ཅིག་ལ་འགྱུར་བཅོས་བྱས་ནས་གྲུབ་པའི་གློག་བརྙན་ཞིག་རེད།


 

མཐོ་སྒང་གི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ལོ་ན་བཅུ་གཉིས་ཡིན་པའི་བོད་ཕྲུག་ཀརྨ་སྨོན་ལམ་ཟེར་བ་ཞིག་ཡོད་ཅིང་། ཁོའི་ཡབ་ཆེན་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་འོག་ནས་ཚེ་ལས་འདས། ཁྱིམ་དུ་ལོ་ན་བགྲེས་པའི་ཨ་ཕྱི་དང་ན་ཚ་མང་བའི་ཨ་མ། ད་དུང་ནུ་བོ་དང་ནུ་མོ་བཅས་ཡོད། ཁོ་རང་བྱིས་པ་གསུམ་ལས་ལོ་ན་ཆེ་ཤོས་ཡིན་པས་རང་ཤུགས་ཀྱིས་ཁོ་རང་ཁྱིམ་གྱི་རྟེན་གཞི་གཅིག་པུར་གྱུར་ཡོད། ཡིན་ན་ཡང་། ཁོ་ལ་གྲྭ་བ་བྱེད་འདོད་ཀྱི་འདུན་པ་ཧ་ཅང་ཆེན་པོ་ཡོད་པས། རྟག་ཏུ་དགོན་པའི་འགྲམ་དུ་ཡང་ཡང་འགྲོ་དགོས་ཐུག་པ་དང་རང་སེམས་ལ་བསམ་གཞིག་ཀྱང་གཏོང་དགོས་ཐུག་གི་ཡོད། ཁོས་ཡབ་ཆེན་དྲན་དྲགས་པས་སློབ་བྱོལ་བྱས་ཤིང་ཡབ་ཆེན་འཚོལ་བར་ཕྱིན་པ་དང་ལམ་དུ་བླ་མ་ཡེ་ཤེས་མགོན་པོ་དང་མཇལ་ཞིང་བླ་མས་ཁོ་ལ་གྲྭ་བ་མ་བྱེད་སྙིང་སྟོབས་ཆེན་པོས་འཚོ་བ་ལ་གདོང་ལེན་དང་ལས་འགན་ཆེན་པོ་འཁུར་དགོས་པ་རེད་ཅེས་ཡང་ཡང་གདམས་ཤིང་དུས་སྐབས་ཤིག་གི་ཡབ་ཆེན་བཙལ་བའི་མྱོང་སྣང་བརྒྱུད་མཐར་གཞི་ནས་བློ་གཅིག་སེམས་གཅིག་གིས་སློབ་གྲྭར་འགྲོ་བའི་ལམ་ལ་ཞུགས།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
སྒྲིག་སྒྱུར་པ། གཤོག་པ།