༄༅།།དངོས་སྒྲུབ་སྒྲོལ་མའི་གཞས་༼འགྲོ་ནས་འགྲོ།༽
སྤེལ་བའི་དུས་ཚོད། : 2016-09-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འགྲོ་ནས་འགྲོ།འགྲོ་ནས་འགྲོ་ཡ།

ཨ་འགྲོ་དབུས་ལམ་གོང་མ་ན།

མཉམ་འགྲོ་བོད་པའི་དཔུང་ཞིག་ཡོད།

སེམས་པས་སེམས་པ་བཏེགས་ནས་འགྲོ།

ཉི་མ་ཟླ་བ་མཆོད་ནས་འགྲོ།

 

འགྲོ་ནས་འགྲོ།འགྲོ་ནས་འགྲོ་ཡ།

ཨ་འགྲོ་དབུས་ལམ་བར་མ་ན།

མཉམ་འགྲོ་བོད་པའི་དཔུང་ཞིག་ཡོད།

དཔུང་བས་དཔུང་བ་བརྟོལ་ནས་འགྲོ།

དྲིན་ཅན་ཕ་མ་མཆོད་ནས་འགྲོ།

 

འགྲོ་ནས་འགྲོ།འགྲོ་ནས་འགྲོ་ཡ།

ཨ་འགྲོ་དབུས་ལམ་ཞོལ་མ་ན།

མཉམ་འགྲོ་བོད་པའི་དཔུང་ཞིག་ཡོད།

ལག་པས་ལག་པ་སྦྲེལ་ནས་འགྲོ།

ཆོལ་གསུམ་ཕུ་ནུ་བཀུར་ནས་འགྲོ།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། རྟ་མགྲིན།