▶བོད་ཀྱི་གཅེས་ཕྲུག ༼ དཔལ་ཆེན་དབང་རྒྱལ། ༽
སྤེལ་བའི་དུས་ཚོད། : 2016-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 


བོད་ཀྱི་གཅེས་ཕྲུག

གཞས་ཚིག ལྷ་བྱམས་རྒྱལ།
གཞས་གདངས། ཏན་ཏན། པ་ཡག དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།

ཁྱེད་ཀྱི་སྐྲ་ལོ་སྒུལ་མཁན་བསིལ་རླུང་མ་རེད།
ཤོར་ནས་འགྲོ་བའི་ལོ་ཟླ་རེད།
ཁྱེད་ཀྱི་མིག་ནང་འཁྱིལ་བ་མཆི་མ་མ་རེད།
མངར་ལ་སྐྱུར་བའི་འཚོ་བ་རེད།

རྒྱང་རིང་ས་མཐར་འཁྱིལ་བའི་མཚོ་མོར།
རླབས་འོད་འཚེར་འཚེར།
ཉི་སའི་ཕོ་བྲང་ཡང་རྩེའི་དྲིལ་ཆུང་།
སྒྲ་སྙན་སིལ་སིལ།

ཁྱེད་ཀྱི་ལག་མཐིལ་ནས་ཞུ་བ་ཁ་བ་མ་རེད།
ཡབ་མེས་རྣམ་པའི་རྨི་ལམ་རེད།
ཁྱེད་ཀྱི་ངོ་གདོང་དུ་བཞད་པ་འཛུམ་མདངས་མ་རེད།
ཡིད་དུ་འོང་བའི་ཡིད་རྟོན་རེད།

མཐོ་སར་བཙུགས་པའི་རླུང་སྐྱེད་དར་ལྕོག
དར་ལྕེ་ལྷབ་ལྷུབ།
དམའ་སར་འགྲོ་བའི་བོད་པའི་མི་ཚོགས།
འཚང་ཁ་ཤིག་ཤིག

གཞས་པ་དཔལ་ཆེན་དབང་རྒྱལ།


དཔལ་ཆེན་དབང་རྒྱལ་ནི་༡༩༨༧ལོའི་ཟླ་༨ཚེས་༡༣ཉིན་ཁམས་ནང་ཆེན་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ལོ་ན་བཅུ་ལྷག་ཡིན་དུས་འབྲོག་ས་དང་གྱེས་ཏེ་སློབ་གཉེར་བྱེད་འགོ་བརྩམས། ད་ལྟ་གླུ་གཞས་རྩོམ་ལེན་དང་འཁྲབ་སྟོན་པའི་ལས་ལ་འཇུག་བཞིན་ཡོད།

རྩོམ་ཁུངས།(面孔传媒)
རྩོམ་སྒྲིག་པ། ཀླུ་འབུམ།