༄༅།།དབང་སྒྲོན་མཚོ། སྒྱུ་རྩལ་དོ་རར་བཞད་པའི་མཚར་སྡུག་གི་མེ་ཏོག་རྐང་གཅིག
སྤེལ་བའི་དུས་ཚོད། : 2016-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབང་སྒྲོན་མཚོ།

དབང་སྒྲོན་མཚོ།

ཨ་ཅག་ཚན་སྡེབ་དང་མཉམ་དུ།

གློག་བཪྙན་ཕབ་སྐྲུན་གྱི་དྲན་རྟེན་འདྲ་པར།

བོད་ཀྱི་གསར་སྐྱེས་འཁྲབ་སྟོན་པའམ་གཞས་མ་དབང་སྒྲོན་མཚོ་ནི་མདོ་སྨད་རེབ་གོང་ཡུལ་དུ་སྐྱེས་ཤིང་། པེ་ཅིང་ལུས་རྩལ་སློབ་གྲྭ་ཆེན་མོའི་འཁྲབ་སྟོན་སྡེ་ཁག་ནས་སློབ་མཐར་ཕྱིན། ལོ་༡༩སྟེང་ནས་གློག་བཪྙན་འཁྲབ་མགོ་བརྩམས་ཤིང་། ད་ལྟ་པེ་ཅིང་དུ་འཁྲབ་སྟོན་གྱི་ལས་ཀ་གཉེར་བཞིན་ཡོད། མོ་ནི་གློག་བཪྙན་འཁྲབ་སྟོན་ལས་གཞན་ལ་ཏིང་ཞབས་བྲོ་དང་རྐང་རྡེབ་ཞབས་བྲོ་སོགས་ལ་མཁས་ཤིང་འཇོན་པར་མ་ཟད་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པས། ད་ལྟའི་བར《སངས་རྒྱས་སྒྲོལ་མ》དང《བོད་ལྗོངས་ཀྱི་ནམ་མཁའ》《གྲོགས་པོ།》《གནམ་མཐའི་བརྩེ་གླུ》《འབྲི་མོ་དུང་ཆུང་དཀར་མོ》སོགས་གློག་བཪྙན་དང་མུ་འབྲེལ་བཪྙན་འཕྲིན་ཟློས་གར་བཅུ་ལྷག་གི་གཙོ་འཁྲབ་པ་བྱས་ཤིང་། དེ་མིན་དེང་རབས་གཞས་གསར《ལས་ཀྱི་ཐག》《ཕ་ཁྱིམ་དྲོན་མོ》《དྲན》སོགས་བླངས་པས་གཟིགས་མོ་པ་དང་ཉན་མཁན་མང་པོའི་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ་ཡོད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། རྟ་མགྲིན།