༼ཀུན་དགའི་གཞས༽སེམས་ནང་གི་གླུ།
སྤེལ་བའི་དུས་ཚོད། : 2016-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



༼གཞས་ཚིག༽
གངས་དཀར་པོའི་དཀར་པོའི་རི་རྩེ་ན།
གསེར་སེར་པོའི་ཉི་མ་ཤར་འདྲ་དེ།
ངས་བལྟས་ན་ཕྱག་ན་པད་མོ་བཞུགས།
བོད་ཁ་བ་ཅན་གྱི་ལྷ་སྐལ་རེད།
དགོང་ཨ་སྔོན་ཨ་སྔོན་མཐོན་པོ་ན།
དུང་དཀར་པོའི་ཟླ་བ་ཤར་འདྲ་དེ།
ངས་བལྟས་ན་དྲིན་ཆེན་ཕ་མ་འདུག
བུ་བསོད་ནམས་ཅན་གྱི་ཕ་མ་རེད།
ཡུལ་མདོ་དབུས་མདོ་དབུས་ཁམས་གསུམ་ན།
ཁྲ་གྱི་ལེ་མེ་ཏོག་བཞད་འདྲ་དེ།
ངས་བལྟས་ན་བོད་རིགས་སྤུན་ཟླ་རེད།
བུ་དབང་ཐང་ཅན་གྱི་ཕ་ཁྱིམ་རེད།
ཚིག བློ་འཇམ་དབྱངས།
དབྱངས། དམངས་ཁྲོད།
ལེན་མཁན། ཀུན་དགའ།
                                                           རྩོམ་སྒྲིག་པ། བསོད་ཚེ།