༄༅།།བློ་བསྟན་གྱི་གཞས་ཁ་བའི་བུ་མོ།
སྤེལ་བའི་དུས་ཚོད། : 2016-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
ཁྱོད་ཀྱི་བཅུ་དྲུག་གི་ལང་ཚོ།
དུང་མདོག་བཅོ་ལྔའི་ཟླ་བ།
ལྷ་ཟླ་ལས་ཀྱང་མཛེས་སོང་།
ང་ཡི་རྣམ་ཤེས་ཕྲ་མོ།
ཟླ་འོད་ཆང་གིས་བཟི་སོང་།
ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
བརྩེ་བའི་གླུ་ཞིག་བླང་ན།
སེམས་ནས་ཉན་འདོད་ཨེ་ཡོད།

ཨ་ལ་ཡེ།
སྟག་ཤར་ཞིག་གི
སྙན་པོའི་གླུ་ཞིག་བླང་ན།
ཨ་ལ་ཡེ།
སེམས་པ་ཁྱོད་ཀྱི་ཕྱོགས་སུ་འཁོར་ཡོད།

ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
ཁྱོད་ཀྱི་གངས་དཀར་གྱི་སེམས་པ།
གངས་ལྷ་མེ་ཏོག་འདྲ།
མེ་ཏོག་ལས་ཀྱང་མཛེས་སོང་།
ང་ཡི་རྣམ་ཤེས་ཕྲ་མོ།
སྦྲང་རྩིའི་ཆང་གི་བཟི་སོང་།
ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
བརྩེ་བའི་གླུ་ཞིག་བླང་ན།
ཁྱོད་ལ་འགྱུར་བ་ཨེ་ཡོད།

ཨ་ལ་ཡེ།
སྟག་ཤར་ཞིག་གི
སྙན་པོའི་གླུ་ཞིག་བླང་ན།
ཨ་ལ་ཡེ།
སེམས་པ་ཁྱོད་ཀྱི་ཕྱོགས་སུ་འཁོར་ཡོད།

ཁ་བའི་བུ་མོ་སྐྱེས་གཟུགས་ཡག་པའི།
ང་ཡི་མིག་ཟུང་འཕྲོག་སོང་།
ཁ་བའི་བུ་མོའི་གཤིས་རྒྱུད་འཇམ་པའི།
ང་ཡི་སེམས་པ་ཤོར་སོང་།
ང་ཡི་སྙིང་གི་བུ་མོ།
སེམས་པ་འཁོར་ས་ཁྱོད་ཡིན།
མཉམ་དུ་འཛོམས་པའི་སྨོན་ལམ།
མེ་ཏོག་ལས་ཀྱང་མཛེས་སོང་།
ང་ཡི་རྣམ་ཤེས་ཕྲ་མོ།
སྦྲང་རྩིའི་ཆང་གི་བཟི་སོང་།
ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།
མེ་ཏོག་ལས་ཀྱང་མཛེས་སོང་།
ཁྱོད་ལ་འགྱུར་བ་ཨེ་ཡོད།
ང་ཡི་རྣམ་ཤེས་ཕྲ་མོ།
སྦྲང་རྩིའི་ཆང་གི་བཟི་སོང་།
ཁ་བའི་ན་ཆུང་བུ་མོ།
མཛའ་མོ་ཚེ་རིང་མཚོ་མོ།

གཞས་གདངས། རྟ་མགྲིན་ཚེ་རིང་།
གཞས་ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།
གཞས་པ། བློ་བསྟན།
བརྙན་ལེན་པ། དཔའ་བྷ། བློ་བསྟན།
སྒྲིག་སྦྱོར་བ། བློ་བསྟན།