༼མཆོད་པ། ༽རྟ་མགྲིན་བཀྲ་ཤིས་ཀྱི་རྡུང་ལེན།
སྤེལ་བའི་དུས་ཚོད། : 2016-04-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཞས་ཚིག ཁོ་བསྟན།
གཞས་གདངས། ཁོ་བསྟན།
གཞས་པ། རྟ་མགྲིན་བཀྲ་ཤིས།



སེར་པོ་གསེར་འདི་བླ་མའི་ན་བཟའ་ཡིན།།
སེར་པོ་གསེར་འདི་བླ་མའི་ཞལ་རས་ཡིན།།
སེར་པོ་གསེར་ལས་གྲུབ་པའི་གླུ་ཆུང་འདི།།
རྩ་བའི་བླ་མར་ཕུལ་བའི་མཆོད་པ་ཡིན།།

དཀར་པོ་དུང་འདི་ཨ་ཕའི་ཞལ་གསུང་ཡིན།།
དཀར་པོ་དུང་འདི་མ་ལོའི་སེམས་པ་ཡིན།།
དཀར་པོ་དུང་ལས་གྲུབ་པའི་གླུ་ཆུང་འདི།།
དྲིན་ཆེན་ཕ་མར་ཕུལ་བའི་མཆོད་པ་ཡིན།།

དམར་པོ་ཁྲག་འདི་གྲོགས་པོའི་བརྩེ་སེམས་ཡིན།།
དམར་པོ་ཁྲག་འདི་འགྱུར་མེད་དམ་བཅའ་ཡིན།།
དམར་པོ་ཁྲག་ལས་གྲུབ་པའི་གླུ་ཆུང་འདི།།
སྙིང་གི་གྲོགས་པོར་ཕུལ་བའི་མཆོད་པ་ཡིན།།

རྩོམ་ཁུངས། སྦྲ་རོག་རོག་ཚང་འཕྲིན་སྟེགས།།
རྩོམ་སྒྲིག་པ། བསོད་ནམས་འཚོ།