སྒྲོལ་མ། (རྡོ་རེད་ཀྱི་རྡུང་ལེན།)♬
སྤེལ་བའི་དུས་ཚོད། : 2016-03-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 
ཚིག རྨ་འོད།


ཁ་བའི་ལྗོངས་འདི་སྒྲོལ་མའི་ཞིང་ཡིན།།
སྒྲོལ་མའི་ཐུགས་རྒྱུད་དཀར་པོ་ཆོས་ཡིན།།
ཆོས་དོན་ཟབ་མོ་དུང་གི་སྒྲ་ཡིན།།
དུང་སྒྲ་སྙན་མོ་སྒྲོལ་མའི་གླུ་ཡིན།།

གངས་རི་སྒྲོལ་མའི་སྤོབས་པའི་རི་བོ།།
གཙང་བོ་སྒྲོལ་མའི་དུངས་བའི་མཚོ་མོ།།
མེ་ཏོག་སྒྲོལ་མའི་ལྷག་བསམ་པད་མ།།
འཇིག་རྟེན་སྒྲོལ་མ་སྐྱིད་པའི་གཡང་ཡིན།།

ཉི་མ་སྒྲོལ་མའི་བྱམས་བརྩེའི་དྲོད་འཇམ།།
ཟླ་བ་སྒྲོལ་མའི་སྙིང་རྗེའི་བསིལ་ཟེར།།
ཀརྨ་སྒྲོལ་མའི་སྦྱིན་པའི་འོད་མདངས།།
འཛམ་གླིང་སྒྲོལ་མ་མཛེས་པའི་རྒྱན་ཡིན།།

སངས་རྒྱས་སྒྲོལ་མ་ནམ་མཁའི་དབྱིངས་ཡིན།།
བྱང་ཆུབ་སྒྲོལ་མ་དབེན་པའི་རི་ཡིན།།
བདེ་སྐྱིད་སྒྲོལ་མ་སློབ་རའི་གླིང་ཡིན།།
ལྷ་མོ་སྒྲོལ་མ་བདག་གི་སྙིང་ཡིན།།

སྒྲོལ་མའི་སྐུ་ལ་འཇིག་མེད་བཀྲ་ཤིས།།
སྒྲོལ་མའི་གསུང་ལ་འགག་མེད་བཀྲ་ཤིས།།
སྒྲོལ་མའི་ཐུགས་ལ་གཡོ་མེད་བཀྲ་ཤིས།།
ཁ་བའི་སྒྲོལ་མར་ནམ་ཡང་བཀྲ་ཤིས།།


རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། ཀླུ་ཕྲུག