▶ སྐར་གཅིག་ནང་རི་བོ་ཧི་མ་ལ་ཡའི་ཆགས་ཚུལ་གསལ་བའི་བརྙན་ཐུང་།
སྤེལ་བའི་དུས་ཚོད། : 2016-01-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 


     ཧི་མ་ལ་ཡ་ཞེས་པ་ནི་ཧིན་རྡུའི་སྐད་ཡིན་པར་གྲགས་ཤིང་། དེའི་ནང་དོན་ནི་གངས་རིའི་ལྗོངས་ཞེས་པ་ཡིན་ལ། དེ་ནི་མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་སུ་གྲོང་ངེར་འགྱིང་ཞིང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རི་རྒྱུད་ཡིན་པ་དང་། རི་རྒྱུད་དེར་ས་བབ་མཐོ་ཚད་ལ་མཚོ་ངོས་ལས་སྨིད་༧༣༥༠ཡན་ཅན་གྱི་རི་བོ་༡༡༠ཙམ་ཡོད་པའི་ནང་མཐོ་ཤོས་སུ་གྱུར་བ་ནི་སྨིད་༨༨༤༤དང་ཚེག་༤༣ཡོད་པའི་འཛམ་གླིང་འཛིན་མའི་གཙུག་རྒྱན་ཇོ་མོ་གླང་མ་ཡིན།
    ཧི་མ་ལ་ཡའི་རི་རྒྱུད་ནི་ཀྲུང་གོ་དང་རྒྱ་གར། བལ་ཡུལ། འབྲུག་ཡུལ། ཕ་ཀི་སི་ཐན་བཅས་ཀྱི་རང་བྱུང་གི་ས་མཚམས་ལྟ་བུར་གྱུར་ཡོད་ལ། དེ་ནི་ཧིན་རྡུ་དང་ཨོ་གླིང་སྐམ་ས་དང་། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོ་གཉིས་གདོང་ཐུག་བྱུང་རྗེས་ལོ་ངོ་བྱེ་བ་༦ཙམ་རིང་རིམ་གྱིས་གྲུབ།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བདེ་ལྷ་མོ།