▶ འཚོ་བའི་ཁྲོད་ཀྱི་དུག་ལྡན་གད་སྙིགས།
སྤེལ་བའི་དུས་ཚོད། : 2016-01-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


    གློག་རྫས་དང་གློག་གསོག་འཕྲུལ་ཆས། གློག་སྦུག ཚ་དྲོད་འཇལ་ཆས་རྙིང་བ་སོགས་སུ་དུག་ལྡན་ལྕགས་རིགས་ལྗིད་མོ་འདུས་པས། གང་འདོད་ཀྱིས་རྒྱ་ལམ་དང་རྩྭ་ཐང་སོགས་སུ་བསྐྱུར་ན་ལྕགས་ཤུལ་དལ་གྱིས་རུལ་འགྲོ་ལ་དུས་མཉམ་དུ་དེར་འདུས་པའི་དུག་རྫས་དག་ཡང་དལ་གྱིས་རྩྭ་ས་དང་ཆུ་བོ་སོགས་སུ་འདྲེས་ནས། ཡང་བསྐྱར་རྩྭ་དང་ནོར་ཕྱུགས་སོགས་བརྒྱུད་ནས་མིའི་ལུས་ཕུང་དུ་འགྲོ་སྲིད། དུག་རྫས་འདི་དག་ང་ཚོའི་དབང་རྩ་དང་ཁྲག་སྒྲུབ་ནུས་ཤུགས། རུས་པ་དང་མཁལ་མ་སོགས་ལ་གནོད་པ་ཧ་ཅང་ཆེ།


    གློག་རྫས་སྒྲོག་གུའི་ཆེ་ཆུང་གཅིག་གིས་གཙང་ཆུ་ལི་ཊར་ཁྲི་༦༠བཙོག་སྒྲིབ་གཏོང་ཐུབ་ལ། གློག་རྫས་ཨང་རིམ་དང་པོ་གཅིག་ཅན་དེ་གལ་ཏེ་ས་འོག་ཏུ་བཅུག་ཚེ། དེས་ས་ཞིང་རྨི་གྲུ་བཞི་མ་གཅིག་ལ་གཏོར་བརླག་བཟོ་ཐུབ། གཞན་ཡང་བཀོལ་ཚར་པའི་སྨན་བཅོས་འཕྲུལ་ཆས།ཚོན་རྩིའི་ཟོམ། འཕྲུལ་སྣུམ་རྙིང་མ།ཡུན་ཚད་རྫོགས་པའི་བྱུག་རྫས་དང་སྨན་རྫས་སོགས་ཡང་དུག་ལྡན་གད་སྙིགས་ཀྱི་ཁོངས་སུ་གཏོགས་ཤིང་། དེ་དག་གང་འདོད་ཀྱིས་བསྐྱུར་ན་རང་བྱུང་ཁོར་ཡུག་དང་མིའི་ལུས་ཕུང་ལ་གནོད་པ་ཆེན་པོ་བཟོ་ངེས།

རྩོམ་ཁུངས། FFI-TIBETAN
རྩོམ་སྒྲིག་པ། བདེ་ལྷ་མོ།