▶ཚེ་དབང་ལྷ་མོའི་གཞས་གསར་༼གཡང་ཁྱིམ་གྲུ་བཞི།༽
སྤེལ་བའི་དུས་ཚོད། : 2019-07-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼གཡང་ཁྱིམ་གྲུ་བཞི།༽
ཚིག རང་གྲོལ་རྡོ་རྗེ།
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། ཚེ་དབང་ལྷ་མོ།

དྲིན་ཕ་མའི་བརྩེ་སེམས་ཀློང་གི་གཡུ་ཡི་ཕྲེང་བ།
ནང་ཕུ་ནུའི་དགོད་སྒྲའི་ཁྲོད་ཀྱི་འོ་མའི་མར་ལོ།
མི་ལ་དྲིན་ཆེན་ཕ་ལོ་མ་ལོ།
ཚིག་ལ་དྲིན་ཆེན་ཕ་མའི་བསླབ་བྱ།
གཡང་ཁྱིམ་གྲུ་བཞི།
ངའི་ཚེ་སྲོག་གི་དབྱངས་རྟ་ཐོག་མ་ཁྱེད་ཀྱི་ཕང་བར་སིམ།
དུས་དེ་རིང་ཁྱེད་ལ་བཀྲ་ཤིས་པའི་གླུ་ཞིག་ལེན།

ཕ་ཨ་ཁུའི་རེ་སྨོན་ཀློང་གི་བྱུ་རུའི་ཕོ་བྲང་།
མ་སྲུ་མོའི་རེ་བཞག་ཁྲོད་ཀྱི་བརྩེ་བའི་མཚོ་མོ།
དྲིན་ལ་བརྗེད་མེད་ཕ་དང་ཨ་ཁུ།
ཟས་ལ་འགྱུར་མེད་མ་སྲུའི་ལག་ཟས།
གཡང་ཁྱིམ་གྲུ་བཞི།
ངའི་མི་ཚེའི་གོམ་ཁ་དང་པོ་ཁྱེད་ཀྱི་པང་ནས་སྤོས།
དུས་དེ་རིང་ཁྱེད་ལ་གཡང་ཆགས་པའི་བྲོ་ཞིག་འཁྲབ།

ཡོང་ཁུངས། བོད་གླུ་སྤྱི་སྟེགས་ཆེན་མོ།