
༼ཆུང་འདྲིས་བྱམས་པ།༽
ཚིག་དང་དབྱངས། ཚེ་རྡོ།
འཁྲབ་ཁྲིད་པ། གེ་རྒྱལ་པདྨ།
ལེན་མཁན། བཀྲ་ཤིས་མཚོ།
ཡ་ཆུང་ལ་ནི་སེམས་པའི་ཕུགས་ན།
ཆུང་འདྲིས་ལ་ནི་བྱམས་པ་བསྒོམ་ཡོད།
ལུས་སེམས་བྲལ་བ་མེད་ན།
ཆུང་འདྲིས་བརྗེད་ཐབས་མི་འདུག
ཆུང་འདྲིས་བྱམས་པ།
ཐུན་གསུམ་ལ་ནི་རྨི་ལམ་ངོགས་ནས།
བྱམས་པ་ལ་ནི་ངེད་གཉིས་འཛོམས་སོང་།
དགའ་བའི་སྙིང་གཏམ་གླེང་དུས།
གཉིད་ལས་སད་འདོད་མི་འདུག
ཆུང་འདྲིས་བྱམས་པ།
སྐྱིད་ཡ་ལ་ནི་སྡུག་རོགས་ཟེར་བ་སྔོན་བསག་ལས་ཀྱི་ལན་རེད།
གཅིག་སེམས་གཅིག་ལ་ནི།
དུངས་བ་ལས་ཀྱི་བསྐོས་ཐེངས་ལོས་ཡིན།




ཡོང་ཁུངས། དྲ་ལམ་ནས། |