
༼བླ་མའི་གསུངས།༽
གཞས་ཚིག བྱམས་མགོན་རྡོ་རྗེ་འཆང་།
གཞས་གདངས། བཀྲ་ཤིས་དཔལ་ལྡན།
གཞས་མ། གནམ་མཚོ།
དྲིན་རྩ་བའི་བླ་མའི་གསུངས་ལེ་ལ།།
གཉེན་ཉེ་བར་ཞེན་ཆགས་མ་བྱེད་གསུངས།།
གཉེན་ཉེ་བར་མི་བརྩེ་མ་རེད་དེ།།
རང་འཁོར་བའི་འདམ་ལ་ཟུག་རོགས་རེད།།
དྲིན་རྩ་བའི་བླ་མའི་གསུངས་ལེ་ལ།།
དགྲ་སྡང་བར་ཞེ་འཁོན་མ་བྱེད་གསུངས།།
དགྲ་སྡང་བས་མི་གནོད་མ་རེད་དེ།།
མཐར་རྣམ་སྨིན་ཉེས་པ་ཆེ་རོགས་རེད།།
དྲིན་རྩ་བའི་བླ་མའི་གསུངས་ལེ་ལ།།
ཆོས་མ་ཎི་འབྲུ་དྲུག་འདོན་དུ་གསུངས།།
ཆོས་མ་ཎི་རྐྱང་བ་མ་རེད་དེ།།
མ་སེམས་ཅན་འགྲོ་ལ་ཕན་ངེས་རེད།།




ཡོང་ཁུངས། དྲ་ལམ་ནས། |